logo
查看本期全部内容

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན(ལས་ཁུངས)གྱི་རིམ་གཉིས་ཏང་ཙུའི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་2026ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

林芝报-藏文版&nbsp&nbsp2026-01-13

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་རེན་ཉི་མ་བཀྲ་ཤིས་ཀྱིས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན(ལས་ཁུངས)གྱི་རིམ་གཉིས་ཏང་ཙུའི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ལས་འགན་གཙོ་བོ་ནི་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་2025ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུར་བསམ་བློའི་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིན་པ་རེད།

ཚོགས་འདུའི་ཐོག་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན། དེ་བཞིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་གཞོན་པ་ཀྲའོ་ཅུན་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི། ཀྲུའུ་རེན་གཞོན་པ་ལིའུ་ཤིང་ཕིང་དང་། བཀྲ་ཤིས། དངོས་གྲུབ་རྡོ་རྗེ། ཀྲོའུ་ཁྲོན་ཧྥུང་། ཝང་ཏུང་ཧྲེང་། ལུའོ་ཧེང་ཝུའེ། བདེ་ཆེན་བཅས་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་དྲུང་ཆེ་ཀན་གོ་ཅུན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

ཚོགས་འདུའི་ཐོག དམངས་གཙོའི་འཚོ་བའི་ཚོགས་འདུ་མ་འཚོག་གོང་རིགས་གཞུང་སློབ་སྦྱོང་བྱ་རྒྱུ་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་དང་། ཚོགས་འདུ་སྤུས་ཚད་མཐོ་པོའི་སྒོ་ནས་འཚོག་རྒྱུར་འགན་ལེན་བྱེད་པའི་སྔོན་འགྲོའི་རྨང་གཞི་དང་འགག་རྩའི་ལྷུ་ཚིགས་ཤིག་དང་། དེའི་དམིགས་ཡུལ་ནི་ཏང་ཡོན་ལས་བྱེད་པར་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས་དང་བྱེད་ཕྱོགས། དེ་བཞིན་འབྲེལ་ཡོད་སྒྲིག་ཁྲིམས་ཀྱི་གཏན་འབེབས་བཅས་སློབ་སྦྱོང་གཏིང་ཟབ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ཞིབ་བསྡུར་སྐྱོན་བཤེར་བྱས་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཡག་པོ་བྱ་ཆེད་རྨང་གཞི་བརྟན་པོ་འདིང་དགོས་ཞེས་སྟོན་ཡོད།

ཚོགས་འདུའི་ཐོག ལས་ཁུངས་དང་རྫོང་། ཁྲུའུ་རིམ་པ་ཡན་གྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་དམངས་གཙོའི་འཚོ་བའི་ཚོགས་འདུ་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། ཏང་ཙུའི་གོང་བུ་འགྲིལ་ཤུགས་དང་འཐབ་ནུས་ཆེ་རུ་གཏོང་བ་བཅས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། གྲོང་ཨུད་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱེད་པ་དང་། དམངས་གཙོའི་འཚོ་བའི་ཚོགས་འདུ་ལེགས་པོ་འཚོག་པར་བསམ་བློའི་རྨང་གཞི་བརྟན་པོ་བཏིང་དགོས་པ། ད་ཐེངས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་བརྗོད་དོན་གཙོ་བོར་དམིགས་པ་དང་། ཏང་ལ་ལྷག་བསམ་རྣམ་དག་དང་། བྱ་གཞག་ལ་འགན་འཁུར་བ། བློ་མཐུན་ལ་ལྷག་བསམ་རྣམ་དག་བཅས་ཀྱི་རྣམ་འགྱུར་ཐོག་ནས་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་དང་སྙིང་གཏམ་ཤོད་རེས་དང་གླེང་མོལ་གཏིང་ཟབ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཕྱོགས་ཡོངས་དང་གཏིང་ཟབ་ཀྱི་སྒོ་ནས་རང་ངོས་ཀྱི“སྣེ་ཁྲིད་ལྔའི”ཐད་ལྷག་པའི་གནད་དོན་མི་འདང་བའི་ཆ་འཚོལ་འདོན་བྱས་ཏེ་འགལ་ཟླར་མི་གཡོལ་བ་དང་གནད་དོན་མི་འགེབས་པ་བྱས་ནས་མི་དང་། བྱ་བ། བསམ་བློ་བཅས་ལ་བཤེར་འདོན་བྱེད་ཐུབ་པའི་འགན་ལེན་བྱེད་དགོས་པ། སྣེ་ཁྲིད་དེ་གཏམ་བཤད་ཀྱི་གནད་བསྡུས་འབྲི་བ་དང་། སློབ་སྦྱོང་གི་གྲུབ་འབྲས་དང་། དཔེ་མཚོན་གྱོད་དཔེ། རང་ངོས་ཀྱི་དོན་དངོས་བཅས་དང་ཟུང་འབྲེལ་བྱས་ཏེ་ཏང་གཤིས་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་། གནད་དོན་གྱི་འབྱུང་རྩ་སྔོག་འདོན་གཏིང་ཟབ་བྱེད་པ། གནད་དོན་མཐིལ་རྟོགས་དང་། བསམ་བློ་མཐུན་སྦྱོར། ལེགས་བཅོས་ཀྱི་ཁ་ཕྱོགས་གསལ་པོ་ཡོང་བ་བཅས་བྱེད་དགོས་པའི་ནན་གསུང་གནང་ཡོད་པ་རེད།

查看本期全部内容