logo
查看本期全部内容

རྣམ་གྲངས་འཛུགས་སྐྲུན་ལ་ཕན་འབྲས་གཟེངས་སུ་ཐོན་ནས། ཐོན་ལས་གཅིག་སྡུད་ཀྱི་རྣམ་པ་གསར་པ་བཏོད་པ།

林芝报-藏文版&nbsp&nbsp2026-01-13

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དགུན་དུས་ཀྱི་ཉིང་ཁྲིར་གྲང་ངར་ཆེ་ཡང་ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་ཀོང་ཉིང་ཐོན་ལས་གླིང་གི་དུས་ཐེངས་གཉིས་པའི་རྣམ་གྲངས་ཁུལ་དུ་བྲེལ་ཚུབ་ཀྱི་རྣམ་པས་ཁེངས་ཡོད། ཀོང་ཏུང་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”གཙོ་གནད་བོད་སྐྱོར་ལས་གྲྭ་ཡིན་པའི་ངོས་ནས་ཐོན་ལས་གླིང་གིས་འཆར་འགོད་གནད་སྨིན་དང་། ནུས་ཆེའི་འཛུགས་སྐྲུན། སྤུས་ལེགས་ཞབས་ཞུ་བཅས་ཀྱི“ཀོང་ཉིང་གི་མྱུར་ཚད”ལ་བརྟེན་ནས་ཉིང་ཁྲིའི་ཐོན་ལས་གཅིག་སྡུད་འཕེལ་རྒྱས་ཀྱི་དཔེ་སྟོན་ཚད་གཞིར་གྱུར་ཏེ་གངས་ལྗོངས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་ཀོང་ཉིང་ཐོན་ལས་གླིང་གི་དུས་ཐེངས་གཉིས་པའི་རྣམ་གྲངས་སྤེལ་ཡུལ་དུ་སྐྱོད་སྐབས། ཐོན་ལས་གླིང་དུ་འཆར་འགོད་གྲལ་སྟར་འགྲིག་པའི་ཚད་ལྡན་ཅན་གྱི་བཟོ་ཁང་སྟར་པ་རེ་རེ་བཞིན་མིག་ལམ་དུ་འཆར་བ་དང་། ཡངས་ཤིང་ཁོད་སྙོམས་པའི་གླིང་ཁུལ་གྱི་འགྲོ་ལམ། ཐོན་སྐྱེད་སྒྲིག་ཆས་གསར་རྐྱང་འཁོར་ཁང་དུ་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་པ་བཅས་གང་སར་འཕེལ་རྒྱས་ཀྱི་གསོན་ཤུགས་ཀྱིས་ཁེངས་ཡོད།

གླིང་ཁུལ་གྱི་བཟོ་ཁང་ཨང་2པའི་ནང་ཉིང་ཁྲིའི་བོད་སྨན་ཀུང་སི་ཞིག་གི་བཟོ་པ་ཚོས་བོད་སྨན་གྱི་སྨན་རྩྭ་སྐམ་བཞིན་ཡོད། ཀུང་སིའི་འགན་འཁུར་བས་གསར་འགོད་པར་ཐོན་ལས་གླིང་གིས་ད་ཡོད་ཀྱི་ཐོན་སྐྱེད་བར་མཐོངས་མཁོ་འདོན་བྱས་པ་མ་ཟད། ད་དུང་མཛོད་ཉར་ཟོག་འགྲེམས་ལྟེ་གནས་དང་ཐོན་རྫས་ཞིབ་དཔྱད་ཚད་ལེན་ཚོད་ལྟ་ཁང་སོགས་སྤྱི་པའི་སྒྲིག་བཀོད་ལེ་ལག་ཚང་བ་བཀོད་སྒྲིག་བྱས་པས་ཁེ་ལས་ཀྱི་ཐོག་མའི་མ་འཇོག་མ་གནས་དམའ་རུ་བཏང་ཡོད་ཅེས་བརྗོད།སྤུས་ལེགས་ཀྱི་མཁྲེགས་ཆས་སྒྲིག་བཀོད་དང་འཐུས་སྒོ་ཚང་ལ་ཞིབ་ཚགས་པའི་ལེ་ལག་ཞབས་ཞུ་ལས་ཀོང་ཉིང་ཐོན་ལས་གླིང་གི་དུས་ཐེངས་གཉིས་པའི་རྣམ་གྲངས་བསྐྲུན་མ་ཐག“ཁང་པ་གཅིག་ཀྱང་རག་དཀའ་བའི”ཚོང་འགུགས་རྣམ་པས་ཁེངས་ཡོད་པ་རེད།“ཀོང་ཉིང་གི་མྱུར་ཚད”དང་མཉམ་དུ་གནས་པ་ནི་ཁེ་ལས་ལ་དྲོ་སྐྱིད་ལྡན་པའི“ཀོང་ཉིང་གི་དྲོད་ཚད”རེད། བཅའ་སྡོད་ཁེ་ལས་མགྱོགས་མྱུར་ཐོན་སྐྱེད་དང་ཕན་པ་ཐོན་པ་བྱ་ཆེད། ཉིང་ཁྲི་དཔལ་འབྱོར་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱིས“གཅིག་འཐུས་རྣམ་པའི”སྲིད་དོན་སྤུས་ལེགས་ཞབས་ཞུ་ཁྱབ་གདལ་བཏང་བ་མ་ཟད། གླིང་ཁུལ་དུ་ད་དུང་ལེ་ལག་ཚང་བའི་ཤེས་ལྡན་མི་སྣའི་སྤྱི་ཤག་བསྐྲུན་ནས་ཁེ་ལས་ཀྱི་ལས་བཟོར “བསྡོད་ཐུབ་པ་དང་། གཞིས་ཆགས་ཐུབ་པ། འཕེལ་རྒྱས་ཡག་པོ་གཏོང་ཐུབ་པ”བཅས་བྱས་ཡོད།ཐོན་ལས་གཅིག་སྡུད་ཀྱི་ཕན་འབྲས་དེ་ཁེ་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་ཐོག་མངོན་པ་མ་ཟད། ས་གནས་དེ་གའི་ལས་ཞུགས་འབབ་འཕར་དང་དཔལ་འབྱོར་འཕེལ་རྒྱས་ལ་དེ་བས་སྐུལ་ཁྲིད་ཐུབ་ཡོད།

ཀོང་ཉིང་ཐོན་ལས་གླིང་གི་དུས་ཐེངས་གཉིས་པར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་ནི་ཀོང་ཏུང་དང་བོད་ཀྱི་བརྩེ་སེམས་ཟབ་མོའི་དཔང་པོ་ཞིག་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདུ་ཤེས་ས་མཐོར་རྩ་བ་ཚུགས་པའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་ཀྱང་རེད། ཁེ་ལས་དེ་བས་མང་བ་བཅའ་སྡོད་བྱས་པ་དང་ཆབས་ཅིག་རྣམ་གྲངས་དེ་བས་མང་བ་ཐོན་སྐྱེད་བྱེད་འགོ་ཚུགས་པས་ཀོང་ཉིང་ཐོན་ལས་གླིང་དེ་ཉིད་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི“སྒུལ་ཤུགས་ཆེན་པོར”གྱུར་ནས་ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པའི་སྒུལ་ཤུགས་བསྣན་ཏེ་ཐོན་ལས་གཅིག་སྡུད་ཀྱི་རྣམ་པ་གསར་པ་གངས་ལྗོངས་ས་མཐོར་དེ་བས་བཀྲག་མདངས་འཚེར་ཐུབ་པ་བྱུང་ཡོད།

查看本期全部内容