ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུད་ཀྱིས་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་དྲུག་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།
林芝报-藏文版  2026-01-13
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་1ཚེས་10ཉིན། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུད་ཀྱིས་ཀོང་པོའི་སྤྱི་གླིང་གི་པི་ཤུའི་ཐང་ཆེན་དུ་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་དྲུག་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་དཔའ་དར་དང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ནོར་བུ་ཚེ་རིང་སོགས་ཀྱིས་ས་གནས་ས་ཐོག་ཏུ་ཕེབས་ནས་ལྟ་སྦྱོང་མཛུབ་ཁྲིད་གནང་བ་དང་། ཉིང་ཁྲིའི་སྤྱི་བདེའི་དེང་རབས་ཅན་གྱི་ཉེན་རྟོག་སྒྲིག་ཆས་སྒྲིག་སྦྱོར་དང“ཉིང་ཁྲིའི་རྔོན་ཁྱི”ཉེན་རྟོག་པའི་དངོས་འཐབ་བཀོལ་སྤྱོད་དང་ཁྲིམས་སྐྱོང་དྲིལ་བསྒྲགས་སོགས་ཀྱི་ལས་དོན་སྤེལ་ཚུལ་སོགས་ལ་ཤེས་རྟོགས་ཞིབ་ཕྲ་ཡོད་ལ། རྒྱ་ཆེའི་ཉེན་རྟོག་པར་གཟིགས་པ་དང་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་སྤྱི་བདེའི་ཉེན་རྟོག་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དུས་ཆེན་གྱི་སྨོན་འདུན་ཞུས་པ་མ་ཟད། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་འཛུགས་སྐྲུན་ཨང་དང་པོར་འཇོག་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསླབ་ཚིག་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་བརྟན་སྲུང་བྱེད་པ། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”ལག་ལེན་བསྟར་བ། ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བ། ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་ལ་དམ་འཛིན་ཏན་ཏིག་བཅས་བྱས་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་འཇགས་ཚོར་སེམས་བཅས་སྔར་བས་ཆེ་རུ་གཏོང་བ་དང་། ཁྲིམས་འཛིན་གཞུང་དྲང་གི་རིན་ཐང་གཉེར་ཕྱོགས་ལ་བརྩི་སྲུང་ནན་པོ་ཞུ་བ། སྒྲིག་ཁྲིམས་ནན་པོ་དང་ཉེན་རྟོག་པ་སྐྱོང་བའི་བླང་བྱ་མཐའ་འཁྱོངས་བྱེད་པ་བཅས་བྱས་ཏེ། ཏང་ཐུགས་བློ་བདེ་པོ་དང་མི་དམངས་བློ་ཡིད་ཚིམ་པའི་ཉམས་སད་ཐེག་ཐུབ་པའི་སྤྱི་བདེའི་ཧྲག་ལྕགས་དམག་ཅིག་གཏོད་དེ་འགན་འཁྲི་གསར་པ་འཁུར་བ་དང་བྱས་རྗེས་གསར་པ་བཞག་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཉིང་ཁྲི་དང་ཁྲིམས་སྐྱོང་ཉིང་ཁྲི་འཛུགས་རྒྱུར་སྤྱི་བདེའི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ཐུགས་རེའང་གནང་ཡོད།
ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་དུ་མང་ཚོགས་ཀྱིས་མི་དམངས་ཉེན་རྟོག་པར་བཅའ་ཁྲིམས་ཀྱི་གནད་དོན་བློ་འདྲི་བྱས་པར། “ཁྱིམ་མཚེས་དབར་གྱི་རྩོད་གཞི་ཇི་ལྟར་སེལ་དགོས་པ”ནས“དྲ་རྒྱའི་ཁེ་དབང་སྲུང་སྐྱོང་བྱེད་པར་ཐབས་ལམ་གང་དག་ཡོད་པའི”བར་དང“འགྲིམ་འགྲུལ་ལས་འཛོལ་ཇི་ལྟར་ཐག་གཅོད་བྱེད་པ”ནས“དྲ་རྒྱའི་ཁ་བསླུས་སྔོན་འགོག་ཇི་ལྟར་བྱེད་པའི”བར་མི་དམངས་ཉེན་རྟོག་པས་རེ་རེ་བཞིན་འགྲེལ་བཤད་བརྒྱབ་པས་མང་ཚོགས་ཀྱི་ཁས་ལེན་དང་རྒྱབ་སྐྱོར་ཐོབ་ཡོད། སྒྲིག་ཆས་འགྲེམས་སྟོན་ནང་རིགས་ཁག་གི་ཉེན་རྟོག་པའི་གོ་མཚོན་དང་། གཏུམ་འགོག་སྒྲིག་ཆས། འཕྲལ་སྡོམ་རོགས་སྐྱོབ་སྒྲིག་ཆས་སོགས་རིམ་པས་བཞིན་འགྲེམས་སྟོན་བྱས་པ་དང་། ཉེན་རྟོག་པས་ས་གནས་ས་ཐོག་ཏུ་སྒྲིག་ཆས་ཀྱི་ནུས་པ་དང་སྤྱོད་སྒོ་ངོ་སྤྲོད་ཞིབ་ཚགས་དང་འགྲེལ་བཤད་ཆེད་ལས་ཞིབ་ཕྲ་བཅས་ལས་དུས་རབས་གསར་པའི་ཉིང་ཁྲིའི་སྤྱི་བདེའི་དཔུང་ཁག་གི་ཆེད་ལས་ཅན་གྱི་བྱང་ཚད་གང་ལེགས་མངོན་ཡོད། གྲལ་སྟར་འགྲིག་པའི་སྒྲིག་ཆས་དང་མི་སེམས་ལ་གཡོ་འགུལ་ཐེབས་པའི་པར་རིས་ལས་ས་གནས་ས་ཐོག་གི་མང་ཚོགས་ཚོས་སྤྱི་བདེའི་དཔུང་ཁག་གིས་དུས་བདེ་སྲུང་སྐྱོང་བྱེད་པའི་སྲ་ཞིང་བརྟན་པའི་གདེང་ཚོད་ཚོར་ནས་དུས་རབས་གསར་པའི་མི་དམངས་ཉེན་རྟོག་པའི་འགན་འཁྲི་འཁུར་སེམས་དང་ཉམས་སད་ཐེག་པའི་སྟོབས་ཤུགས་ཕྱོགས་ཡོངས་ནས་ཤེས་རྟོགས་བྱུང་ཡོད།
ཉིན་དེར། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུད་ཀྱིས་ད་དུང་ཉེན་རྟོག་པའི་དར་ཆ་སྒྲེང་བའི་མཛད་སྒོ་འཚོགས་པ་དང་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ད་དུང་2026ལོའི་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི“ལྷག་བསམ་རྣམ་དག་གིས་ཉེན་རྟོག་པའི་བླ་སྲོག་བརྟན་དུ་བཏང་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འབུངས་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་ཡང་བྱས་པ་རེད།
གྲོང་ཁྱེར་གྱི་འགོ་ཁྲིད་ཚུའེ་ནེང་ཧྥེ་དང་། ཝང་ཏུང་ཧྲེང་། ཚེ་རིང་དོན་གྲུབ། ཏུའུ་ཡོན་ཝུན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།