logo
查看本期全部内容

ཀྲུང་གོའི་དམངས་འཚོ་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་གིས་སྒོ་བྱང་ཕྱེ་བའི་མཛད་སྒོ་འཚོགས་ནས་དངོས་སུ་ཚོང་གཉེར་བྱེད་འགོ་ཚུགས་པ།

林芝报-藏文版&nbsp&nbsp2026-01-13

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་1ཚེས་12ཉིན། ཀྲུང་གོའི་དམངས་འཚོ་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་གིས་སྒོ་བྱང་ཕྱེ་བའི་མཛད་སྒོ་འཚོགས་ནས་དངོས་སུ་ཚོང་གཉེར་བྱེད་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་ཤིང་། དངུལ་ཁང་འདི་ནི་ཉིང་ཁྲི་གྲོང་ཁྱེར་གྱིས་ནང་འདྲེན་བྱས་པའི་རྒྱལ་ཡོངས་རང་བཞིན་གྱི་མ་རྐང་ལམ་ལུགས་དངུལ་ཁང་དང་པོ་དེ་ཡིན་ལ། བོད་རང་སྐྱོང་ལྗོངས་ཀྱིས་བཙུགས་པའི་ས་ཁུལ་དང་གྲོང་ཁྱེར་རིམ་པའི་མ་རྐང་ལམ་ལུགས་དངུལ་ཁང་གི་ཡན་ལག་སྒྲིག་གཞི་ཐོག་མ་དེ་ཡང་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་དཔའ་དར་དང་ཀྲུང་གོ་དམངས་འཚོ་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཧང་ཀྲང་ཝང་ཧྲི་ཆིང་གིས་མཛད་སྒོར་ཞུགས་པ་དང་འབྲེལ་ཀྲུང་གོ་དམངས་འཚོ་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་གི་སྒོ་བྱང་ཀྱང་ཕྱེ་གནང་བ་རེད།

སྒོ་བྱང་ཕྱེ་བའི་མཛད་སྒོའི་ཐོག རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུད་ཉིང་ཁྲི་ལྟ་སྐུལ་དོ་དམ་ཡན་ལག་ཅུད་ཀྱིས་དངུལ་རྩའི་ཆོག་འཐུས་ལག་ཁྱེར་སྤྲད་པ་དང་ཀྲུང་གོ་མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་དངུལ་རྩའི་སྒྲིག་གཞིའི་ཚབ་ཨང་སྤྲད་ཡོད།

ཉིང་ཁྲི་ནི་བོད་ཀྱི་ཤར་སྒོ་ཞིག་ཡིན་པའི་ངོས་ནས་སྣོད་བཅུད་ཐོན་ཁུངས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་དང་རྒྱལ་ཁབ་ཀྱི་ལས་གྲྭ་གལ་ཆེན་གཅིག་རྗེས་གཉིས་མཐུད་ངང་སྐྲུན་འགོ་ཚུགས་པས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། དམངས་འཚོ་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་བཙུགས་པ་དེ་ཐོག་ནས་དངུལ་ཁང་དེས་བོད་དུ་ཞབས་ཞུའི་དྲ་རྒྱ་རྒྱ་སྐྱེད་གལ་ཆེན་བྱུང་བ་མཚོན་ཡོད།

འཆར་འགོད་གཞིར་བཟུང་དམངས་འཚོ་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་གིས་ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས་ཁྱད་ལྡན་ཞིང་འབྲོག་དང་།སྣོད་བཅུད་རིག་གནས་ཡུལ་སྐོར། ནུས་རྒྱུ་གཙང་མ།འབྱུང་འཕྲོད་བཟོ་ལས་སོགས་ཀ་རྟེན་ཐོན་ལས་ལ་དམིགས་ཏེ་རྣམ་གྲངས་ལས་གྲྭ་གལ་ཆེན་དང་གྲོང་གསེབ་དར་རྒྱས་ཁྱབ་ཁོངས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ཏེ་ཉིང་ཁྲིའི་ས་གནས་དཔལ་འབྱོར་འཕེལ་རྒྱས་དང་བསྒྱུར་བཅོས་སྒོ་དབྱེའི་སྔོན་སྐྱོད་ཁུལ་སྐྲུན་ཆེད་དམངས་འཚོའི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་རེད།

查看本期全部内容