སྐབས་གཉིས་པའི་གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས་115འཚོགས་པ།

林芝报-藏文版  2026-01-02

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་12ཚེས་29ཉིན། སྐབས་གཉིས་པའི་གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས་115འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཉེ་དུས་ཀྱི་གསུང་བཤད་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་ལས་ཀའི་སྙན་ཞུ་གསན་པ། འབྲེལ་ཡོད་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་དཔའ་དར་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཧྲི་ཀྲང་གཞོན་པ་ལིན་ཁོའོ་ཚུང་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ནོར་བུ་ཚེ་རིང་། གྲོང་ཨུད་ཀྱི་རྒྱུན་ཨུ་ལི་ཧྲི་ཅང་དང་། ཚུའེ་ནེང་ཧྥེ། ཧྥུ་ཡུང་པོ། ཞུས་ཕིང་། གཡུ་སྒྲོན། ཚེ་རིང་འབྲིང་བ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནི་ང་ཚོས་ལས་དོན་ཁག་ལ་དམ་འཛིན་བྱེད་པའི་སྤྱིའི་བྱེད་ཕྱོགས་དང་། སྤྱིའི་རྩ་འཛིན། སྤྱིའི་བརྩི་སྲུང་བཅས་ཡིན་པས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ཟུང་འབྲེལ་བྱས་ནས་ལག་བསྟར་དང་དོན་འཁྱོལ་བྱེད་པའི་འགོ་ཚུགས་ས་དང་དོན་ལ་འབབ་ས་ཏན་ཏིག་འཚོལ་དགོས། ཉིང་ཁྲིའི་བསྒྱུར་བཅོས་སྒོ་དབྱེའི་སྔོན་སྐྱོད་ཁུལ་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་དང་ཀོང་ཏུང་གི་ཁ་གཏད་རོགས་སྐྱོར་གྱི་ལེགས་ཆ་བེད་སྤྱོད་ཡག་པོ་བྱས་ནས་ཀོང་ཏུང་དང་ཤང་ཀང་། ཨའོ་མོན་བཅས་ཀྱི་ཐོན་ཁུངས་ནུས་ལྡན་ངང་འབྲེལ་མཐུད་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཁབ་ཀྱི་མ་རྩ་དང་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་ཀྱི་འགག་སྒྲོལ་གྲུབ་འབྲས་གཏིང་ཟབ་ཏུ་བཏང་ནས་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་དང་ཀུན་སྤྱོད་འཛུགས་སྐྱོང་གིས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱ་རྒྱུར་དམིགས་ནས་སློབ་གྲྭའི་སློབ་གསོའི་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་དང་། ཁྱིམ་ཚང་གི་སློབ་གསོར་མཐོང་ཆེན་བྱས་ཏེ་ནར་མི་སོན་པའི་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་སྟོན་ཡོད།

ཚོགས་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཉེ་དུས་ཀྱི་གསུང་བཤད་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་ཏང་ཀྲུང་དབྱང་གི་སྲིད་ཇུས་ཀྱི་ཁ་ཕྱོགས་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་གཙོ་གནད། ཉིང་ཁྲིར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་ཁྲིད་སྟོན་བཅས་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ། སང་ལོའི་བསམ་ཕྱོགས་དང་བྱེད་ཐབས་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱེད་དགོས། རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་གྱུར་གྱིས་ཞབས་འདེགས་ཞུ་རྒྱུར་འགན་སྲུང་བྱེད་པ་དང་། ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་རྒྱུར་འགན་སྲུང་བྱེད་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་གཅིག་གྱུར་འཆར་འགོད་བྱས་ཏེ་ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་མཉམ་འགུལ་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་བྱས་ཏེ་རང་སོ་སོའི་ཁྱད་ཆོས་ལྡན་པའི་རྫོང་ཁོངས་དཔལ་འབྱོར་གཏོད་པ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འབྱུང་འཕྲོད་རིགས་སྒྱུར་འཕེལ་རྒྱས་གཅིག་གྱུར་འཆར་འགོད་བྱས་ཏེ་སྣོད་བཅུད་རིན་ཐང་དུ་བསྒྱུར་བའི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱེད་དགོས། མཐའ་མཚམས་སྲ་བརྟན་དང་དར་རྒྱས། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས་མཐའ་མཚམས་སྲ་བརྟན་དུ་གཏོང་བའི་ནུས་པ་ཡོད་པ་དང་། མཐའ་མཚམས་དར་རྒྱས་ལ་འདེགས་སྐྱོར་ཡོད་པ། དམངས་ཕྱུག་ཐབས་ལམ་ཡོད་པ་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་གཏོད་དགོས། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཆེད་བདེ་འཇགས་དང་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས་པའི་ནན་བཤད་བྱས་ཡོད།

ཚོགས་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་གྲོང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་གྲོང་ཁྱེར་གྱི“ཚོགས་འདུ་གཉིས”ཀྱི་གྲ་སྒྲིག་ལས་དོན་ཞིབ་ཚགས་ངང་ལེགས་པར་བསྒྲུབ་དགོས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད《རྩ་གནད》དང་ཆེད་དོན་འཆར་འགོད་བཟོ་འགོད་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་རྒྱུ་དང་གོམ་པ་ཡག་པོ་སྤོ་རྒྱུར་འགན་ལེན་བྱས་ཏེ། ད་ལོའི་ལོ་མཇུག་དང་སང་ལོའི་ལོ་འགོའི་ལས་དོན་ཁག་ཏན་ཏིག་ངང་ལེགས་པར་བསྒྲུབ་དགོས། “དུས་ཆེན་ཆེན་པོ་གསུམ”གྱི་འཚམས་འདྲིའི་བྱེད་སྒོ་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། དུས་ཆེན་རིང་དངོས་ཟོག་མཁོ་སྤྲོད་འགན་ལེན་ཡག་པོ་བྱེད་པ་དང(འཕྲལ་སྡོམ་ལས་འགན་ལ་ཤུགས་སྣོན་བརྒྱབ་སྟེ་འགྲོ་ལམ་འགྲིམ་འགྲུལ་དང་། བདེ་འཇགས་ཐོན་སྐྱོད། ནགས་ཚལ་མེ་ཟོན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་མངོན་མེད་རྐྱེན་ངན་བཅོས་སྐྱོང་ལ་དམ་འཛིན་བྱེད་པ་དང་འགལ་བ་དང་རྩོད་གཞི་ཞིབ་བཤེར་ཐག་གཅོད་ཧུར་ཐག་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་དང་མང་ཚོགས་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ཉི་མ་བཀྲ་ཤིས་དང་། ཏེང་ཞའོ་ཧུང་། ལིའུ་ཤིན་ཕིང་། བཀྲ་ཤིས། དངོས་གྲུབ་རྡོ་རྗེ། ཀྲོའུ་ཁྲོན་ཧྥུང་། ཝང་ཏུང་ཧྲེང་། ལིའུ་ཁྲུན་ཞང་། ། ཚེ་རིང་དོན་གྲུབ། སྒྲོལ་དཀར། གཡང་འཛོམས། དབང་ཏུང་། ཀྲུའུ་ཀྲེང་ཧུའེ། ཞུང་དབྱི་ཏུང་། སྤེན་པ་སྒྲོལ་མ། ཚེ་རིང་རྡོ་རྗེ། ཏུའུ་ཡོན་ཝུན། ཁྲང་ཧྲི་ཧུང་བཅས་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།