logo
查看本期全部内容

ཉིང་ཁྲི་གྲོང་ཁྱེར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུད་ཀྱིས“རིག་གནས་སྒྱུ་རྩལ་དམག་སྒར་དུ་བསྐྱོད། དམག་དམངས་ཉ་ཆུའི་བརྩེ་བ་མཉམ་དུ་གཏོད”ཅེས་པའི་བརྗོད་དོན་ གཙོ་བོའི་མཉམ་སྐྲུན་བྱེད་སྒོ་སྤེལ་བ།

林芝报-藏文版&nbsp&nbsp2025-12-12

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གཉིས་བཀུར་སྲོལ་རྒྱུན་སྔར་བས་དར་སྤེལ་གཏོང་བ་དང་དམག་དཔུང་དང་ས་གནས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་ཆེད། ཟླ་12ཚེས་9ཉིན་ཉིང་ཁྲི་གྲོང་ཁྱེར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུད་ཀྱིས་སྨན་གླིང་གྲོང་ཁྱེར་དུ“རིག་གནས་སྒྱུ་རྩལ་དམག་སྒར་དུ་བསྐྱོད། དམག་དམངས་ཉ་ཆུའི་བརྩེ་བ་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་དམག་དཔུང་དང་ས་གནས་དབར་གྱི་མཉམ་སྐྲུན་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་དཔོན་དམག་ཚོར་ངོ་མཚར་ཆེ་བའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།

འགོ་ཚུགས་ཞབས་བྲོ《དུས་རབས་གསར་པའི་སྨོན་འདུན》ཞེས་པ་ལས་དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་གངས་ལྗོངས་ས་མཐོར་དམག་དམངས་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་བདེ་སྐྱིད་དང་དུས་བདེ་འཛུགས་སྐྱོང་བྱེད་པའི་བརྗིད་ཆེའི་རི་མོ་ཞིག་བཀོད་ཡོད་པ་དང་། གཏམ་བརྗོད་ཟློས་གར《ས་མཐོའི་སྐར་ཚོགས》ཞེས་པ་ལས་བོད་ཀྱི་ཞིང་བྲན་ལ་བཅིངས་འགྲོལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་སུ་མཐའ་སྲུང་དམག་དང་གྲོང་མི་ཕན་ཚུན་ལྟ་སྐྱོང་རོགས་རེས། དམག་མི་མི་རབས་གཉིས་ཀྱིས་ས་མཐོའི་སྐར་ཚོགས་འོག་བརྩེ་སེམས་ཟབ་མོས་གླེང་མོལ་བྱེད་བཞིན་པའི་རྣམ་པ་གསོན་ཉམས་དོད་པོས་མངོན་ཡོད། སྐྱེས་པའི་མཉམ་བྲོ《སྒྲ་སྙན་དཀྲོལ་གཏོང》ཞེས་པའི་སྙན་འཇེབས་ལྡན་པའི་འགྱུར་ཁུག་དང་། བརྗིད་ཉམས་ལྡན་པའི་སྟངས་སྟབས་ཀྱིས་དམག་དམངས་སེམས་པ་གཅིག་ཏུ་མཐུན་པ་དང་རིག་གནས་མཉམ་འདྲེས་ཀྱི་བསམ་འདུན་མཚོན་ཡོད།

སྤྲོ་སྣང་ལྡན་པའི་ལེ་ཚན་རེ་རེ་ལས་ཚང་མས་དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་བརྩེ་དུང་ཟབ་མོ་མྱོང་ཚོར་ཐུབ་པ་བྱུང་ཡོད་པ་རེད།

ད་ཐེངས་ཀྱི་བྱེད་སྒོས་དཔོན་དམག་གི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད་དམག་དམངས་དབར་གྱི་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་ཡོད་པ་རེད།

查看本期全部内容