དགུན་ཁར་ཞྭ་མོ་གྱོན་ཚེ་ཕན་ཐོགས་འདི་འདྲ་འདུག

林芝报-藏文版  2025-12-12

དགུན་དུས་ཕྱིར་འགྲོ་སྐབས་ཁྱེད་རང་གིས་ཞྭ་མོ་གྱོན་གྱི་ཡོད་དམ། ཞྭ་མོ་གྱོན་ཚེ་གཅིག་ནས་གཟུགས་པོར་དྲོད་ཁུག་པ་དང་གཉིས་ནས་ནད་གཞི་སྔོན་འགོག་བྱེད་ཐུབ་ཀྱི་ཡོད། ཞིབ་འཇུག་བྱས་པ་ལས་མངོན་པར། དྲོད་ཚད་ཧྲེ་ཧྲི་ཏུའུ་15ཡིན་པའི་སྐབས། འགུལ་སྐྱོད་མེད་པར་ཞྭ་མོ་མ་གྱོན་ཚེ། གཟུགས་པོའི་དྲོད་ཚད་ཀྱི་1/3ཙམ་མགོ་བོ་ནས་ཤོར་འགྲོ་བ་དང་། དྲོད་ཚད་ཧྲེ་ཧྲི་ཏུའུ་4ཡིན་པའི་སྐབས། གཟུགས་པོའི་དྲོད་ཚད་ཀྱི་ཕྱེད་ཀ་ཙམ་མགོ་བོ་ནས་ཤོར་འགྲོ་ཡི་ཡོད།

ཞྭ་མོ་གྱོན་ཚེ་ནད་གཞི་འདི་གསུམ་སྔོན་འགོག་བྱེད་ཐུབ།

གཅིག སྙིང་ཁམས་ཁྲག་རྩའི་ནད།

མགོ་བོར་རླུང་ཕོག་ཚེ། མགོ་བོའི་ཁྲག་རྩ་འཁུམ་ནས་ལུས་པོ་ཡོངས་ཀྱི་ཁྲག་འཁོར་རྒྱུག་ལ་ཤུགས་རྐྱེན་ཐེབས་ནས། སྙིང་གི་གནོན་ཤུགས་ཇེ་ཆེར་འགྲོ་སྲིད། དེ་དང་ཆབས་ཅིག་སྙིང་གཟེར་རྒྱག་པ་དང་། སྙིང་ཁྲག་མི་འདང་བ། སྙིང་རྩ་འགག་པའི་ཉེན་ཁ་ཆེ་རུ་འགྲོ་སྲིད།

གཉིས། ཀླད་པའི་ཁྲག་རྩའི་ནད།

གྲང་རླུང་གིས་ཀླད་ཁྲག་གི་རྒྱུ་བ་ཉམས་སྲིད་པས། ཁྲག་ཤེད་འཕར་ཆག་ཆེ་བའི་དུས་སུ་གྲིབ་ཕོག་པའམ་ཡང་ན་མགོ་ན་ཡི་ཡོད། ལྷག་པར་དུ་ཁྲག་རྩ་མཁྲེགས་པོའི་ནད་ཡོད་པའི་མིའི་ཀླད་པའི་ཁྲག་རྩའི་སྐྱི་མོ་སྲབ་པས། གྲང་རླུང་ཕོག་མ་ཐག་ཀླད་ཁྲག་ཤོར་ཉེན་ཡོད།

གསུམ། དབུགས་ལམ་གྱི་ནད།

དགུན་ཁའི་དུས་སུ་ཁང་པའི་ཕྱི་ནང་གི་དྲོད་ཚད་ཁྱད་པར་ཅུང་ཆེ་བས། རིམས་འགོག་ནུས་པ་ཞན་པའི་མིར་དབུགས་ལམ་གྱི་ནད་གཞི་ཕོག་སླ་པོ་ཡོད། གལ་སྲིད་མགོ་བོར་དྲོ་ཇུས་ཡག་པོ་བྱས་ཚེ། ནད་གཞི་འདི་རིགས་ལ་སྔོན་འགོག་བྱེད་ཐུབ།

རྒྱུན་དུ་ཞྭ་མོ་གྱོན་ཚེ། གཟུགས་པོའི་དྲོད་སྙོམས་ཐུབ་པ་དང་མགོ་བོ་ནས་གཟུགས་པོའི་དྲོད་ཚད་ཤོར་སླ་པོ་མེད།