logo
查看本期全部内容

ཉིང་ཁྲི་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

林芝报-藏文版&nbsp&nbsp2025-12-12

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་12ཚེས་9ཉིན། ཉིང་ཁྲི་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་ནས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་ལ་གཟེངས་བསྟོད་བྱས་པ་མ་ཟད་རང་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཐད་སྐུལ་སློང་བཀོད་སྒྲིག་ཀྱང་བྱས་ཡོད་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་དཔའ་དར་དང་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་རེན་ཞན་ཏུང་ཚོགས་འདུར་ཞུགས་པ་དང་འབྲེལ་ཁག་སོ་སོར་གསུང་བཤད་ཀྱང་གནང་བ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ནོར་བུ་ཚེ་རིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

དཔའ་དར་གྱིས་ཉེ་བའི་ལོ་ཤས་རིང་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་དང་།ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ལས་ཀའི་གཙོ་གནད་དུ་བརྩིས་ཏེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་དོན་ཆེན་བཞིར་དམིགས་པ་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་ཤུགས་ཆེ་རུ་་་གཏོང་རྒྱུའི་སྐོར་གྱི་འཐབ་ཇུས་དམིགས་འབེན་ལ་དམ་འཛིན་བྱེད་པ། བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་གཏོད་སྐོར་གྱི་སྲོལ་ཡིག་ལག་བསྟར་གཏིང་ཟབ་བཅས་བྱས་ཁར་ལས་གྲྭ་ཆེན་པོ་བཞི་དང་བྱ་སྤྱོད་དྲུག་ལག་བསྟར་ཤུགས་ཆེན་བཏང་ཡོད་པས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་ལ་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་ལྟེ་བའི་སྟོབས་ཤུགས་མུ་མཐུད་ནས་བརྟན་དུ་བཏང་བ། མི་རིགས་ཁག་གི་མང་ཚོགས་སྤེལ་རེས་དང་འབྲེལ་འདྲིས་ཀྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་སྐྱེད་བྱུང་བ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་གཅིག་གྱུར་བཅས་བྱུང་ཡོད་ལ་སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་ཁུར། ཤི་གསོན་མཉམ་གནས། ལས་དབང་གཅིག་མཚུངས་བཅས་ཀྱི་འདུ་ཤེས་སྔར་བས་མི་སེམས་སུ་གཏིང་ཟབ་ཐུབ་ཡོད་པ། བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ཚེ་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཡོང་ངེས་ཡིན་ཞེས་པ་དེ་ཡང་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཆེས་ཟབ་པའི་བརྩེ་དུང་གི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད་ཞེས་བཏོན་ཡོད།

དཔའ་དར་གྱིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཚན་ཁག་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དོན་འཁྱོལ་ནན་ཏན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་གཏིང་ཟབ་བྱེད་པ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་གི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཆུང་དུས་ནས་སྐྱེད་བསྲིངས་བྱེད་པ་དང་མོས་སེམས་ལྔ་དང་མཉམ་མྱོང་བཞིའི་འདུ་ཤེས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་པ་དང་། འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་ཁྱབ་ཚད་དང་གཏིང་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་མི་རིགས་ཁག་སི་འབྲུ་བཞིན་དམ་པོར་སྦྲེལ་དུ་འཇུག་དགོས་པ། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ “ཕན་པ་ལྔ”ཡི་ཚད་གཞི་མཐའ་འཁྱོངས་བྱེད་དགོས་པ་དང “འདུ་ཤེས་གསུམ”གྱི་སློབ་གསོའི་ཉམས་མྱོང་དང་བྱེད་སྟངས་ཕྱོགས་བསྡོམས་བེད་སྤྱོད་བྱས་ཏེ “ཚད་གཞི་བཞིར”བརྩི་སྲུང་ཞུ་བའི་སློབ་གསོའི་ལག་ལེན་བྱེད་སྒོར་རྒྱུན་ལྡན་ཅན་གྱིས་སྐུལ་འདེད་བཏང་སྟེ། ཆོས་ལུགས་ལས་རིགས་ཀྱིས་ཉིང་ཁྲིའི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ནུས་པ་སྔར་ལས་ལེགས་པར་འདོན་སྤེལ་བྱེད་པར་ཁྲིད་སྟོན་བྱེད་དགོས། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱེད་པའི་གོ་སྐབས་དམ་འཛིན་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། དམངས་འཚོའི་བདེ་སྐྱིད་རྒྱུན་འཁྱོངས་ལྷོད་མེད་ངང་ཆེ་རུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས་མི་རིགས་ཁག་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ལས་ཀའི་འགན་འཁྲི་སྲ་བརྟན་དུ་གཏོང་བ། ལས་ཀའི་ནུས་པ་མཐོར་འདེགས་གཏོང་བ། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བ། མི་རིགས་ཁག་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་ཀྱི་སྲིད་ཇུས་ཉིང་ཁྲིར་གནད་འགག་མེད་པར་ལག་བསྟར་དོན་འཁྱོལ་ཡོང་བར་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད།

རེན་ཞན་ཏུང་གིས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ནས་ཉིང་ཁྲི་གྲོང་ཁྱེར་གྱིས་ད་ཐེངས་ཀྱི་གཟེངས་བསྟོད་ཚོགས་ཆེན་དེ་གོ་སྐབས་སུ་བརྩིས་ནས་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང “མོས་སེམས་ལྔ”ཟབ་ཏུ་གཏོང་བའི་ཐད་གཏིང་ཟབ་ཡོང་བ་དང་མི་རིགས་ཁག་གི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ཐད་གསར་གཏོད་ཚད་བརྒལ་ཡོང་བ་དང་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་ཐད་འགན་འཁྲི་མངོན་དགོས། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ། ཏང་ཨུད་ཀྱིས་གཅིག་གྱུར་ཐོག་འགོ་ཁྲིད་བྱེད་པ་དང་། སྲིད་གཞུང་གིས་ཁྱོན་ཡོངས་ནས་འགན་འཁུར་བ། སྡེ་ཚན་ཁག་མཉམ་ཞུགས་བྱེད་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། སྣོད་བཅུད་ཀྱི་ལེགས་ཆ་དང་གནས་ཡུལ་གྱི་ཁྱད་ཆོས་ལ་གཞི་ཚུགས་ནས་མི་རིགས་མཐུན་སྒྲིལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། མཐའ་བརྟན་མཐའ་དར་དང་མི་དམངས་ཕྱུག་པོ་ཡོང་བ་གཉིས་ཟློས་མཐུན་མཉམ་འགྲོས་བྱེད་པ། རིག་གནས་སྤེལ་རེས་ཀྱི་སྟེགས་བུ་མུ་མཐུད་བསྐྲུན་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཕན་ཚུན་དཔྱད་གཞིར་འཛིན་པའི་ཁྲོད་རྣམ་པ་གསར་པ་མངོན་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་ནུས་ལྡན་ངང་རྩ་བ་ཚུགས་སུ་འཇུག་དགོས་པའི་ནན་གསུངས་གནང་ཡོད།

ཚོགས་འདུའི་ཐོག་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་ལ་གཟེངས་བསྟོད་བྱས་པ་དང་གཟེངས་བསྟོད་ཐོབ་པའི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་གྱི་འཐུས་མིས་སྤེལ་རེས་གཏམ་བཤད་གནང་བ་རེད།

ཉི་མ་བཀྲ་ཤིས་དང་། ཚུའེ་ནེང་ཧྥེ། ཧྥུ་ཡུང་པོ། ཏེང་ཞའོ་ཧུང་། གཡུ་སྒྲོན། ལིའུ་ཤིན་ཕིན། བཀྲ་ཤིས། ཀྲོའུ་ཁྲོན་ཧྥུང། ལིའུ་ཁྲུན་ཞང་། སྒྲོལ་དཀར། དབྱང་འཛོམས།

བསྟན་འཛིན་ལྷ་མོ། དབང་ཏུང་། ཀྲུའུ་ཀྲེང་ཧུའེ། ཞུང་དབྱི་ཏུང་། སྤེན་པ་སྒྲོལ་མ། ཉི་མ་ཚེ་རེང། ཁྲེན་ཅན་ཨན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

查看本期全部内容