logo
查看本期全部内容

མདའ་མོ་ལྟོང་ལ་སྦྱར། འཕོང་རྩལ་འགྲན་བསྡུར་བྱེད།

林芝报-藏文版&nbsp&nbsp2025-12-12

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་12པའི་ཚེས་6དང་ཚེས་7ཉིན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུད་ཚ་ཁ་མདའ་འཕེན་ལུས་རྩལ་དོ་དམ་ལྟེ་གནས་དང་། ཀྲུང་གོ་མདའ་འཕེན་མཐུན་ཚོགས། རང་སྐྱོང་ལྗོངས་ལུས་རྩལ་ཅུད། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པའི་2025ལོའི“ཀྲུང་ཧྭའི་མདའ་རྩལ། དམངས་ཡོངས་ལུས་སྦྱོང”གི་བརྗོད་དོན་གཙོ་བོའི་བྱེད་སྒོ་དང་བོད་རང་སྐྱོང་ལྗོངས་ཀྱི་ཉིང་ཁྲིའི་མདའ་རྩལ་འགྲན་བསྡུར་སྐབས་བཅུ་པ་སྣང་རྫོང་སྣང་གྲོང་རྡལ་ལུས་རྩལ་ཐང་དུ་གཉེར་བ་རེད། ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)ཁག་གི་རུ་ཁག་32དང་། བོད་རིགས་དང་། རྒྱ་རིགས། ལྷོ་པ་རིགས། མོན་པ་རིགས་སོགས་མི་རིགས་ཁག་གི་མདའ་རྩལ་མཁས་ཅན་300ལྷག་ཙམ་འགྲན་རར་འཛོམས་ནས་མདའ་རྩལ་འགྲན་པ་རེད།

→པར་རིས་འདི་ནི་འདི་ནི་བི་ཤུ་འགྲན་བཞིན་པ།

查看本期全部内容