logo
查看本期全部内容

ཀོང་པོ་རྒྱ་མདའ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱིས་དམིགས་བསལ་སྒྲིག་ཆས(གློག་སྐས)ཀྱི་འཕྲལ་སྡོམ་ནང་སྦྱོང་བྱས་པ།

林芝报-藏文版&nbsp&nbsp2025-12-12

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་ཀོང་པོ་རྒྱ་མདའ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱིས་རྫོང་མི་དམངས་སྨན་ཁང་གི་སྨན་ཁང་གསར་པར་དམིགས་བསལ་སྒྲིག་ཆས(གློག་སྐས)ཀྱི་འཕྲལ་སྡོམ་ནང་སྦྱོང་བྱས་པ་རེད། ཀོང་པོ་རྒྱ་མདའ་རྫོང་འཕྲལ་སྡོམ་ཅུད་དང་རྫོང་ཁོངས་ཀྱི་དམིགས་བསལ་སྒྲིག་ཆས་གཙོ་གནད་བེད་སྤྱོད་ཚན་པའི་འཐུས་མིས་ས་གནས་ས་ཐོག་ཏུ་ལྟ་སྦྱོང་བྱས་པ་རེད།

ད་ཐེངས་ཀྱི་ནང་སྦྱོང་ནང“གློག་སྐས་འཁོར་སྐྱོད་བྱེད་སྐབས་གློ་བུར་དུ་སྐྱོན་ཤོར་ནས་མི་རྐྱེན་ལམ་དུ་ཤོར་བ”དེ་ལད་ཟློས་རྣམ་པར་བྱས་ཏེ་འཕྲལ་སྡོམ་ཐག་གཅོད་ཀྱི་བརྒྱུད་རིམ་གཞིར་བཟུང་ཚད་ལྡན་ངང་སྤེལ་ཞིང་། ནང་སྦྱོང་བྱེད་འགོ་ཚུགས་རྗེས་འགྲུལ་པས་གློག་སྐས་ཀྱི་ཛ་དྲག་ཉེན་བརྡ་གཏོང་བའི་སྒྲིག་ཆས་སྤྱད་དེ་རོགས་སྐྱོབ་རེ་ཞུ་བྱས་པ་དང་ཀོང་པོ་རྒྱ་མདའ་རྫོང་མི་དམངས་སྨན་ཁང་གི་སྨན་ཁང་གསར་པའི་གློག་སྐས་བདེ་འཇགས་དོ་དམ་མི་སྣས་འཕྲལ་མ་ཉིད་དུ་ས་ཡུལ་དངོས་སུ་བསྐྱོད་དེ་ཉེན་གྱར་གནས་ཚུལ་དང་མི་གྲངས་སོགས་ཀྱི་ཆ་འཕྲིན་མགྱོགས་མྱུར་ཞིབ་དཔྱད་བྱས་པ་དང་འཕྲལ་མར་འཕྲལ་སྡོམ་རོགས་སྐྱོབ་སྔོན་ཇུས་ལག་ལེན་བསྟར་ནས་གློག་སྐས་སྲུང་སྐྱོང་ཚན་པར་ས་གནས་ས་ཐོག་ཏུ་བསྐྱོད་དགོས་པའི་བརྡ་ཐོ་བཏང་བ་རེད། སྲུང་སྐྱོང་མི་སྣས་ཆེད་ལས་ལག་ཆ་འཁྱེར་ནས་མགྱོགས་མྱུར་འབྱོར་རྗེས། སྒྲིག་སྲོལ་ལྟར་གློག་སྐས་ཀྱི་གློག་ཁུངས་གཙོ་བོ་བཅད་པ་དང་། འཕྲུལ་འཁོར་ལ་བརྟེན་ནས་འཁོར་སྒྲོམ་བརྟན་པོའི་ངང་ཉེ་འགྲམ་གྱི་བང་རིམ་ཐོག་སྤོ་བ། ཟུར་གསུམ་ལྡེ་མིག་སྤྱད་དེ་ཚོམས་ཆེན་གྱི་སྒོ་ཕྱེ་བ་བཅས་བྱས་པས་ཉེན་གྱར་མི་སྣ་བདེ་འཇགས་ངང་སྐྱོབ་ཐུབ་པ་བྱུང་ཡོད། ནང་སྦྱོང་གི་བརྒྱུད་རིམ་ཧྲིལ་པོར་ལས་བགོས་ཁ་གསལ་དང་། བྱ་སྤྱོད་སྤེལ་མགྱོགས་པ། བཀོལ་སྤྱོད་ཚད་ལྡན། ལྷུ་ཚིགས་ཁག་སྦྲེལ་མཐུད་དམ་ཟབ་བཅས་བྱུང་ནས་འབྲེལ་ཡོད་སྡེ་ཚན་ཁག་གི་འཕྲལ་སྡོམ་ཐག་གཅོད་ནུས་པ་དང་མཐུན་སྦྱོར་གཞོགས་འདེགས་ཀྱི་ཆུ་ཚད་གང་ལེགས་མངོན་པ་བྱས་ཡོད།

ད་ཐེངས་ཀྱི་ནང་སྦྱོང་གིས་ཀོང་པོ་རྒྱ་མདའ་རྫོང་ཁོངས་ཀྱི་དམིགས་བསལ་སྒྲིག་ཆས་གཙོ་གནད་སྤྱོད་མཁན་ཚན་པར་ས་གནས་ས་ཐོག་གི་ལྟ་སྦྱོང་དང་སློབ་སྦྱོང་གི་གོ་སྐབས་མཁོ་འདོན་བྱས་པ་དང་། གློག་སྐས་ཀྱི་བདེ་འཇགས་འཕྲལ་སྡོམ་ཤེས་བྱ་ཁྱབ་གདལ་ནུས་ལྡན་བཏང་བ “ བདེ་འཇགས་ཨང་དང་པོར་འཇོག་པ། སྔོན་འགོག་གཙོར་བཟུང་དང་། ཕྱོགས་བསྡུས་བཅོས་སྐྱོང”བཅས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་རྫོང་ཡོངས་ཀྱི་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་དོ་དམ་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བར་རྨང་གཞི་བཟང་པོ་བཏིང་ཡོད།

查看本期全部内容