logo
查看本期全部内容
སྤོ་བོ་རྫོང་གིས་འཛམ་གླིང་གི་འབྲུ་རིགས་ཉིན་མོ་དང་རྒྱལ་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
林芝报-藏文版&nbsp&nbsp2025-12-12
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ།མང་ཚོགས་ཀྱི་འབྲུ་རིགས་ལ་གཅེས་འཛིན་དང་གྲོན་ཆུང་གི་འདུ་ཤེས་ལ་ཤུགས་སྣོན་ཏན་ཏིག་རྒྱག་ཆེད། ཉེ་ཆར། སྤོ་བོ་རྫོང་གིས་སྤོ་མའོ་ཐང་ཆེན་དང་ཞིང་ཞོར་ཉོ་ཚོང་ཁྲོམ་ར་སོགས་སུ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོའི་ཐོག་འཕྲེད་སྦྱར་སྦྱར་ཡིག་འགེལ་བ་དང་དྲིལ་བསྒྲགས་དཔྱད་གཞི་འགྲེམས་སྤེལ་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་མང་ཚོགས་ལ་འབྲུ་རིགས་སྲིད་ཇུས་ཀྱི་ཁྲིམས་སྲོལ་དང་འབྲུ་རིགས་གྲོན་ཆུང་དང་གྱོང་གུན་ཉུང་གཏོང་། འབྲུ་རིགས་ལ་གཅེས་སྲུང་། འཕྲོ་བརླག་ལ་བཀག་འགོག་སོགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་སྟེ། “འབྲུ་རིགས་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་རྨང་རྡོ་གལ་ཆེན་ཞིག་ཡིན”ཞེས་པའི་འདུ་ཤེས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ལ་འབྲུ་རིགས་བདེ་འཇགས་དང་འབྲུ་རིགས་གྲོན་ཆུང་གི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་། “རྒྱས་སྤྲོད་ཆུད་ཟོས་ལ་ངོ་རྒོལ་དང་། འབྲུ་རིགས་ལ་གཅེས་འཛིན་དང་གྲོན་ཆུང་། སྲུང་སྐྱོང་བཅས་བྱེད་པའི”འདུ་ཤེས་རྒྱུན་ཆད་མེད་པར་ཇེ་ཟབ་གཏོང་ཐུབ་པ་བྱས་ཡོད།
查看本期全部内容