logo
查看本期全部内容

“སྦས་ལུང”སྲུང་མཁན་མི་དམངས་ ཉེན་རྟོག་པ།

林芝报-藏文版&nbsp&nbsp2025-12-12

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།ཡར་ཀླུང་གཙང་པོ་ལང་ལོང་དུ་རྒྱུག་བཞིན་གྲོག་རོང་གི་མཐིལ་དུ་སྨུག་པ་ལང་ལོང་དུ་འཕྱུར།

ཐོ་རེངས་སུ་ཟླ་འོད་གསལ་པོར་འཕྲོ་ཞིང་། ལས་གོས་སྔོ་ནག་གྱོན་པའི་ཁོང་ཚོ་ལས་འགོ་ཚུགས་ཟིན། གྲང་ངར་ཆེ་བའི་ཟླ་བཅུ་གཅིག་པར། ཆར་ཆུས་ཉེན་རྟོག་པའི་གྱོན་གོས་རློན་རྐྱང་ཆགས་པ་མ་ཟད། འགྲུལ་བཞུད་ལམ་འདམ་རྫབ་ཀྱིས་ཁེངས་ཀྱང་མདུན་སྐྱོད་བྱེད་མཚམས་འཇོག་མཁན་གཅིག་ཀྱང་མེད། གོམ་པ་རེ་རེ་བཞིན་བསྐྱོད་དེ་ཟིན་ཐོ་འགོད་པ་དང་། ངེས་གནས་གཏན་འཁེལ་བྱེད་ཞོར་པར་རྒྱག་བཞིན་མཆིས།

ཁོང་ཚོ་ནི་བོད་ལྗོངས་ཉིང་ཁྲི་ཕད་མཐའ་མཚམས་མངགས་གཏོང་ཁང་གི་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པ་སྟེ། འཛམ་གླིང་རིམ་པའི་མཛེས་ལྗོངས་ཁུལ་གྱི“ཡུལ་སྐོར་བ་སྲུང་མཁན”དང་རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭའི“འཛུགས་སྐྲུན་སྲུང་སྐྱོང་མཁན”རེད།དེ་ཉིན། ཁོང་ཚོ་མི་མང་པོ་དེ་ཙམ་ཡོང་མྱོང་མེད་པའི་གནམ་རག་མཚོའི་ནགས་གསེབ་ཏུ་སྐྱོད། མི་དམངས་ཉེན་རྟོག་པ་ཀྲང་ཡུས་ཀྲེའི་ཟིན་བྲིས་དེབ་ནང་ལམ་རིས་སྣ་ཚོགས་བྲིས་ཡོད་ཅིང་། དེའི་ནང་ཆུ་ཁུངས་དང་། རླུང་གཡོལ་བྱེད་ས། འཕྲང་ལམ་དང་མགྱོགས་ལམ་བཅས་གསལ་པོར་བཀོད་ཡོད། ཁོང་གིས“ཡུལ་སྐོར་བ་ཚོས་ཡུལ་སྐོར་བྱེད་ཡུལ་བློ་ལ་ངེས་ཡོད་རུང་། ང་ཚོས‘གལ་ཏེ་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཐོན་ཚེ་སྲོག་སྐྱོབ་ཐུབ་པའི་གནས’དེ་སེམས་ལ་ངེས་དགོས”ཞེས་བཤད། 1995ལོར་སྐྱེས་པའི་ཁོང་གི་ལུས་པོ་ཡོངས་འདམ་རྫབ་ཀྱིས་ཁེངས་ཀྱང་མིག་མདངས་སྔར་བཞིན་དྭངས་ཤིང་གསལ།གླེན་རྟགས་ཚ་པོས་གྲོག་རོང་དེའི་ནང་ཐེངས་མང་སྐྱོད་མྱོང་ཡོད། དེ་ནི་ཡུལ་སྐོར་བ་ཚོར་དགོས་མཁོ་ཡོད་དུས་ཉེན་རྟོག་པ་གང་མགྱོགས་འབྱོར་ཐུབ་ཆེད་རེད།

ཆུ་ཚོད་10པ་ཙམ་ལ། ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོའི་མཛེས་ལྗོངས་ཁུལ་གྱི“གསར་བརྗེའི་ས་ཚུགས”ཀྱི་ཝེ་པོ་ཚ་ཐབ་ལ་དལ་བའི་སྐབས་མེད། དེ་ནི་མངགས་གཏོང་ཁང་གིས་ཡུལ་སྐོར་བ་ཚོར་བསྐྲུན་པའི“ཁྱིམ་གཞིས་གཞན་ཞིག”ཡིན་ཞིང་། དེའི་ནང་ཆུ་ཚ་པོ་དང་། ཆར་གདུགས། གློག་གསོག་འབོ། འཕྲལ་མཁོའི་སྨན་སྒམ་བཅས་གང་དགོས་ཚང་མ་ཡོད།ལེའོ་ཉིང་ནས་ཡོང་བའི་ཡུལ་སྐོར་བ་ལེའོ་ལགས་མགོ་ཡུར་འཁོར་བས་ཉེན་རྟོག་པ་རྡོ་རྗེ་ཚེ་རིང་གིས་འཕྲལ་མར་ཁོང་ལ་ཁྲག་ཤེད་བལྟས་རྗེས། ཁྲག་ཤེད་གཅོག་པའི་སྨན་སྤྲད་པ་དང་། དེ་ནས་ནང་མི་དང་འབྲེལ་བ་བྱས་ཏེ་དུས་ཐོག་ཏུ་ཡུལ་སྐོར་ལམ་ཐིག་ལེགས་སྒྲིག་བྱས་པ་རེད།

གང་དུ་དཔལ་འབྱོར་འཕེལ་རྒྱས་ཆེ་བ་ཡོད་ན་དེ་གར་ཞབས་ཞུ་འགན་སྲུང་དེ་བས་ལེགས་པ་ཡོད། ས་གནས་དེ་གའི་གཙོ་གནད་ལས་གྲྭར་སྐུལ་འདེད་བཏང་བ་དང་ཆབས་ཅིག ཉིང་ཁྲིའི་ཕད་གྲོང་རྡལ་ལ་ལས་འགན་གསར་པའང་འཕྲད་ཡོད།ལས་ཡུལ་གྱི་སྟབས་བདེའི་ཁང་པའི་ནང་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་ཉེན་ཟོན་གློག་བརྙན་སྟོན་བཞིན་ཡོད། དེ་ནི་མངགས་གཏོང་ཁང་གིས་སྒྲིག་འཛུགས་བྱས་པའི“ལས་ཡུལ་དུ་ཁ་བསླུས་ལ་ངོ་རྒོལ་གྱི་ཤེས་བྱ་སྒྲོག་འགྲེལ་བྱེད་པའི”བྱེད་སྒོ་ཞིག་རེད།

“ཁོང་ཚོ་ནི་བཟོ་པ་ཚོའི་སྙིང་ཉེ་བ་ཡིན། དོན་དག་གང་ཡིན་ཡང་ཚང་མ་སྔོན་ལ་ང་ཚོར་བསམ་བློ་གཏོང་གི་འདུག”ཅེས་བཟོ་ཁུལ་གྱི་ལས་མི་ཟླ་བ་ཚེ་རིང་གིས་བཤད། ཟླ་5པར་ཡུན་ནན་དང་སི་ཁྲོན་ནས་ཡོང་བའི་བཟོ་པ་205ཡིས་ས་མཐོ་མི་འཕྲོད་པའི་དཀའ་ངལ་ཁྱད་བསད་བྱས་ཏེ་ཨར་ལས་བྱེད་འགོ་ཚུགས་ཤིང་། ཁོང་ཚོ་ཕར་རྒྱུག་ཚུར་རྒྱུག་མང་པོ་བྱེད་མི་དགོས་པ་ཡོང་ཆེད། མི་དམངས་ཉེན་རྟོག་པ་ཚོས་སྒུལ་བདེའི་འཚོལ་བསྡུ་སྒྲིག་ཆས་ཁྱེར་ནས་སྒོ་རྩར་ཞབས་འདེགས་ཞུ་བར་ཡོང་གི་ཡོད། ཉིན་གསུམ་གྱི་རྗེས་སུ་སྡོད་གནས་ཐོ་འགོད་བྱང་བུ་ཁོང་ཚོའི་ལག་ཏུ་འབྱོར།

“ཟླ་རེར་བདེ་འཇགས་མཉམ་འབྲེལ་ཚོགས་འདུ་འཚོགས་ཀྱི་ཡོད་ཅིང་། ཉེན་རྟོག་དང་ཁེ་ལས་ཕྱོགས་གཉིས་ཀྱིས་མཉམ་འགུལ་བྱས་ནས་མངོན་མེད་རྐྱེན་ངན་མ་ཐོན་གོང་ཉེན་ཟོན་སྔོན་བརྡ་གཏོང་གི་ཡོད”ཅེས་ཕད་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་ཞེ་ཧྲང་ཅུན་གྱིས་བརྗོད། མངགས་གཏོང་ཁང་གིས་ད་ལོ་ཚུན་དུ་ཁྱོན་བསྡོམས་ཁྲིམས་སྐྱོང་དྲིལ་བསྒྲགས་ཐེངས་45དང་སྐོར་གཡེང་གྲལ་བཤེར་ཐེངས་844བྱས་པས། བཟོ་ཁུལ་དུ་ཉེས་དོན་གྱོད་གཞི་དང་བདེ་འཇགས་དོན་རྐྱེན་གཅིག་ཀྱང་ཐོན་མེད་པ་རེད།

སི་ཁྲོན་ཙི་དབྱང་ནས་ཡིན་པའི་ཤང་དབྱི་མེན་གྱིས་དེ་གར་སྒོ་རྩིས་ཚོང་ཁང་ཞིག་བཙུགས་ཡོད། ཉིན་དེའི་དགོང་མོའི་ཆུ་ཚོད་11ཡོལ་ཙམ་ལ་ར་བཟི་བ་ཞིག་ཡོང་ནས་སྦི་རག་ཉོ་གི་ཡིན་ཞེས་འུར་སྒྲ་བསྒྲགས། ཕོ་གཞོན་དེ་ར་བཟི་ནས་རྙོག་དྲ་སློང་བར་དོགས་ཏེ་ཤང་དབྱི་མེན་གྱིས་ཉེན་རྟོག་པར་ཁ་པར་བརྒྱབ།སྐར་མ་2ཡང་མ་སོང་བར་ཉེ་འགྲམ་དུ་སྐོར་གཡེང་བྱེད་བཞིན་པའི་ཡོན་ཤིན་སོགས་ཉེན་རྟོག་པ་གསུམ་དེ་གར་འབྱོར་བ་དང་། ཉེན་རྟོག་པ་ཚོས་ར་བཟི་བ་དེ་ཁྱིམ་དུ་བསྐྱལ། “ཉེན་རྟོག་པ་ཆུ་ཚོད་24ལས་རེས་བྱེད་བཞིན་ཡོད་པ་དང་། ག་དུས་སྐད་བཏང་ཡང་དེ་མ་ཉིད་དུ་འབྱོར་གྱི་ཡོད་པས་ང་ཚོ་བློ་ཧ་ཅང་བདེ་པོ་འདུག”ཅེས་ཤང་དབྱི་མེན་གྱིས་བརྗོད།

ད་ལོའི་རྒྱལ་སྟོན་གྱི་གུང་གསེང་རིང་ཉིན་གཅིག་ལ་ཡུལ་སྐོར་བ་མི་ཐེངས་4000ལྷག་ཙམ་ཟིན་པ་དང་། ཉིན་བརྒྱད་ནང་ཉེན་ཟོན་གནས་ཚུལ་ཁག་56ཐག་གཅོད་བྱས་པ་དེའི་ནང་བདེ་འཇགས་ཀྱི་དོན་རྐྱེན་གཅིག་ཀྱང་མེད་པ་རེད།ཁོང་ཚོའི་ཁྲོད་ཀྱི་མི་མི་ཉུང་བ་ཞིག་ཆུང་མ་དང་བུ་ཕྲུག་དང་ཁ་བྲལ་ནས་ས་མཐོར་བདེ་འཇགས་སྲུང་སྐྱོང་བྱེད་པར་ཡོང་བ་ཤ་སྟག་རེད།

མངགས་གཏོང་ཁང་གི་སློབ་སྟོན་པ་ཧོ་ཧྲེང་ཞུའེ་ནི་ཉིང་ཁྲི་སྤྱི་བདེ་མཐའ་སྲུང་ཉིང་ལག་རུ་ཁག་གི་ལོ་དེ་གར་སློབ་མཐར་ཕྱིན་པའི་རབ་འབྱམས་ཞིབ་འཇུག་སློབ་མ་དང་པོ་དེ་རེད། མཐའ་སྲུང་གཏམ་རྒྱུད་ལ་སེམས་འགུལ་ཚད་མེད་ཐེབས་ཏེ་ཁྲེང་ཏུར་ཡོད་པའི་ལས་ཀ་དོར་ནས་དཀའ་ཚེགས་ཆེ་བའི་མཐའ་མཚམས་ས་ཁུལ་དུ་ལང་ཚོ་སྐྱེས་སུ་འབུལ་བར་ཡོང་། “དུས་ཚོད་ནི་ཇི་འདྲའི་འགྲོ་མགྱོགས་པ་ལ་ཨང་། འཁྱུག་ཙམ་ཞིག་ལ་ལོ་14ཕྱིན་འདུག”ཚེ་སྲོག་དང་ལང་ཚོ་རྒྱལ་ཁབ་ལ་ཕུལ་ནས་ནང་མི་དྲན་པའི་གདུང་བ་དེ་རྐང་འོག་གི་རི་ཀླུང་སྲུང་སྐྱོང་བྱེད་པར་གཞོལ་བ་ལས་ཐབས་གཞན་མེད་ཅེས་མྱོང་ཚོང་ཟབ་མོས་བརྗོད།

ཧོ་ཧྲེང་ཞུའེ་ཡིས་ཏང་ཡོན་གདོང་ལེན་རོགས་སྐྱོབ་རུ་ཁག་གི་སྣེ་ཁྲིད་ནས་འཕྲལ་མར་གནས་ཚུལ་ཐོན་ཡུལ་དུ་མི་སྐྱོབ་པར་བསྐྱོད། ཚང་མས་ལག་པས་གངས་བཤངས་ཏེ་དཀའ་ངལ་གྱི་གནས་སུ་གྱར་བའི་མི་སྣ་སྐྱོབ་སྐབས་ལག་པ་དམར་པོར་གྱུར་ནས་འཁྱགས་སྦོས་ཐེབས། ལམ་རྒྱགས་ཟ་བ་དང་གངས་ཆུ་བཏུངས་ནས་གངས་འཁྱགས་ཀྱིས་བསྡམས་པའི་ཁྲོད་དུ་བགྲོད་ལམ་ཤར་གཏོང་ཐུབ་པའི་བར་ཚང་མས་འབད་འཐབ་བྱས་ཡོད།

查看本期全部内容