རྫ་ཡུལ་རྫོང་གིས་དྲ་ཐོག་ཚན་རིག་ཁྱབ་གདལ་གྱི་
མཉམ་འབྲེལ་བྱེད་སྒོ་སྤེལ་བ།
林芝报-藏文版  2025-12-12
དང་བླངས་པའི་དགེ་རྒན་
གྱིས་སློབ་མར་ཉི་འོད་ནུས་
པའི་གློག་སྒྲོན་དཔེ་དབྱིབས་
སྒྲིག་སྦྱོར་གྱི་ལག་རྩལ་
མཛུབ་ཁྲིད་བྱེད་བཞིན་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་རྫ་ཡུལ་རྫོང་སློབ་གསོ་ཅུད་དང་ཧྲེན་ཀྲེན་གྲོང་ཁྱེར་པའོ་ཨན་ཆུད་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་རིག་ལྡན་སློབ་གསོའི་ལས་སྟེགས་ལ་བརྟེན་ནས་དྲ་ཐོག་ཚན་རིག་ཁྱབ་གདལ་གྱི་མཉམ་འབྲེལ་བྱེད་སྒོ་ཞིག་སྤེལ་བ་རེད།
རྫ་ཡུལ་རྫོང་ཆ་ཚང་སློབ་ཆུང་དང་རྫ་ཡུལ་རོང་སྨད་གྲོང་རྡལ་ལྟེ་བའི་སློབ་ཆུང་། ཧྲེན་ཀྲེན་གྲོང་ཁྱེར་པའོ་ཨན་ཆུད་ཡན་ཧྲན་སློབ་གྲྭ་བཅས་སློབ་གྲྭ་གསུམ་གྱི་དགེ་སློབ་160ལྷག་ཙམ་གྱིས་གྲངས་འཛིན་དྲ་རྒྱའི་ལག་རྩལ་ལ་བརྟེན་ནས་ཚན་རིག་དང་མཐུན་པའི་ཁ་ཆད་བཞག་པ་རེད།
བྱེད་སྒོའི་སློབ་ཚན་གྱི་ཇུས་འགོད་ཐད“ཉམས་ལེན་ཁྲོད་སློབ་སྦྱོང་དང་སློང་སྦྱོང་ཁྲོད་གོ་བ་ལེན་པའི”འདུ་ཤེས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ཧྲེན་ཀྲེན་གྱི་ཚན་རིག་ཁྱབ་གདལ་དང་བླངས་པས་རྒྱང་ཁྲིད་ཀྱི་མཛུབ་ཁྲིད་འོག་ས་གནས་གཉིས་ཀྱི་སློབ་མས་མཉམ་དུ་བྱ་སྤྱོད་སྤེལ་ནས་ཉི་འོད་ནུས་པའི་གློག་སྒྲོན་དཔེ་དབྱིབས་སྒྲིག་སྦྱོར་བྱས་ཏེ་གསར་གཏོད་ཀྱི་སྤྲོ་སྣང་ཉམས་ལེན་བྱས་པ་རེད། དང་བླངས་པའི་དགེ་རྒན་གྱིས་ད་དུང་རྩ་བའི་རིགས་པར་དམིགས་ནས་ཉི་ནུས་འོད་ཤུགས་གློག་གཏོང་ལག་རྩལ་དང་དེ་བཞིན་རྒྱུན་གཏན་འཚོ་བའི་ཁྲོད་རྒྱ་ཁྱབ་ངང་སྤྱོད་ཚུལ་འགྲེལ་བཤད་གཏིང་ཟབ་བརྒྱབ་པས་སློབ་མའི་ཡ་མཚན་གྱི་བསམ་པ་དང་འཚོལ་ཞིབ་ཀྱི་སྤྲོ་སེམས་འཕེལ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་ནི་ས་གནས་གཉིས་ཀྱིས་ཧྲེན་ཀྲེན་རིག་ནུས་སློབ་གསོའི་ལས་སྟེགས་དང་ཚན་རིག་ཁྱབ་གདལ་ཐོན་ཁུངས་སྤྱད་དེ་མཐའ་མཚམས་ཀྱི་ཚན་རིག་སློབ་གསོའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན་པ་མ་ཟད་ས་ཁོངས་སྒྲོལ་བའི་སློབ་གསོ་ཞིབ་འཇུག་མཉམ་ལས་དང་ཐོན་ཁུངས་མཉམ་སྤྱོད་ཀྱི་ཐབས་ལམ་གསར་པ་ཞིག་རགས་ཙམ་ཆགས་ཡོད།