logo
查看本期全部内容

རྫ་ཡུལ་རྫོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའམ་ཤང་དང་ཁོའོ་རིམ་པའི་ལས་བྱེད་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་བ།

林芝报-藏文版&nbsp&nbsp2025-12-12

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར།རྫ་ཡུལ་རྫོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་དང་ཤང་དང་ཁོའོ་རིམ་པའི་ལས་བྱེད་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།རྫོང་ཐད་གཏོགས་ཚན་པ་དང་ཤང་གྲོང་བཅས་ཀྱི་ཁྱོན་ཁོའོ་རིམ་པའི་ལས་བྱེད་པ་43གསོ་སྦྱོང་ནང་བཞུགས་ཡོད་པ་རེད།

ད་ཐེངས་ཀྱི་གསོ་སྦྱོང་དེ་རྫོང་ཁོངས་འཕེལ་རྒྱས་ཀྱི་དོན་དངོས་དང་ལས་བྱེད་པའི་འགན་འཁྲི་སྒྲུབ་དཀའ་བའི་གནད་དོན་ལ་དམ་པོར་དམིགས་ཏེ་གྲོང་ཨུད་ཏང་གི་སློབ་གྲྭའི་མཐོ་རིམ་འཆད་ཁྲིད་དགེ་རྒན་ཚོགས་པ་གདན་དྲངས་ཏེ“རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ་དང་།ཆབ་སྲིད་ཀྱི་གཤིས་རྒྱུད་ཞུན་བརྡར་བྱེད་པ།དངོས་འཐབ་ནུས་པ་ཆེ་རུ་གཏོང་བ”བཅས་ཀྱི་དམིགས་ཚད་ཆེན་པོ་གསུམ་ལ་དམིགས་ནས་《ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས》ཞེས་པ་དང“འདུ་ཤེས་བཞི”ཟབ་ཏུ་བཏང་ནས་དུས་རབས་གསར་པའི་བྱང་ཚད་མཐོ་བའི་ལས་བྱེད་པ་ཞིག་བྱེད་དགོས་ཞེས་པ་སོགས་ཀྱི་ཐད་ནས་སློབ་ཁྲིད་བྱས་པ་རེད།གསོ་སྦྱོང་བྱེད་རིང་སློབ་མ་ཚོས“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ནས་ལས་སྒྲུབ་ལས་གཏོད་ཀྱི་འཇོན་ཐང་ཆེ་རུ་གཏོང་རྒྱུ”བརྗོད་དོན་གཙོ་བོར་བྱས་ནས་སྤེལ་རེས་བགྲོ་གླེང་བྱས་པ་དང་།བསམ་བློ་སྤེལ་རེས་ཁྲོད་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྡུད་དང་ལས་ཀའི་བསམ་ཕྱོགས་གསལ་པོ་བཟོས་ཡོད་པ་རེད།

གསོ་སྦྱོང་ནང་ཞུགས་མཁན་སློབ་མ་ཚོས་སློབ་སྦྱོང་གི་ཕན་འབྲས་དེ་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་།ལས་ཀའི་སྤུས་ཚད་མཐོ་རུ་གཏོང་བ།མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཞིབ་ཕྲའི་ལག་ལེན་ཁྲོད་མངོན་པ་བྱས་ཏེ་རྫ་ཡུལ་རྫོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་ཡོད་པ་རེད།

查看本期全部内容