༄༅། །ལས་ཀྱི་ཁང་ཆུང་།

ཁམས་ཟླ་སྲས། དཔལ་ཡུལ།

林芝报-藏文版  2025-11-21

ས་ལ་རྩོག་མི་ཤེས་པའི་དྲིན་ཆེན་མ།།

ཤ་མེད་རིད་པར་གྱུར་བའི་གཉོམ་ཆུང་མ།།

ལ་ཁའི་ཉི་མ་ལྟ་བུའི་དྲོད་ཆེན་མ།།

ར་ཕྲུག་་ཕག་ཕྲུག་སྐྱོང་བའི་བྱམས་ཆེན་མ།།

ཡ་མཚན་ཆེ་རྒྱུ་མེད་པའི་ཀུན་བཟོད་མ།།

འ་ཅག་གཡང་ལས་སྐྱོབ་པའི་ཐབས་མཁས་མ།།

ཟ་ཉལ་འགྲོ་འདུག་སློབ་པའི་རྒན་མོ་མ།།

ཞ་ཞོར་རྒྱབ་ནས་སྐྱོར་བའི་དགྲ་བཅོམ་མ།།

ཝ་་མོའི་ཚུགས་ཀ་བསྟན་པའི་ངང་འཇམ་མ།།

ཛ་རེ་ཛོ་རེ་འགྲོ་བའི་རྣལ་འབྱོར་མ།།

ཚ་གྲང་དཀའ་ཐུབ་མཛད་པའི་གྲུབ་ཐོབ་མ།།

ཙ་གེའི་ལས་ལ་གཞོལ་དུས་ངལ་མེད་མ།།

མ་རབས་བསམ་ངན་བྲལ་བའི་ཡུམ་ཆེན་མ།།

བ་ལང་སུག་རྗེས་འབྲངས་བའི་སོ་ནམ་མ།།

ཕ་ལགས་གཡས་གཡོན་འདེགས་པའི་ཐེག་ཆེན་མ།།

པ་ལོ་རྒྱབ་ཏུ་དཔྱངས་བའི་རབ་མཛེས་མ།།

ན་ཚོད་ལང་ཚོ་ཡོལ་བའི་བགྲེས་མོ་མ།།

ད་ཆ་སྐྲ་ལོ་དཀར་བའི་ཚེ་རིང་མ།།

ཐ་སྙད་གཙུག་ལག་མ་སྦྱངས་མཛངས་སྤྱོད་མ།།

ཏ་ཀུ་ཕྱག་གིས་འཆང་བའི་སྒུར་འཁྱོག་མ།།

ཉ་ཕྲུག་བསམ་མེད་སྐྱོང་བའི་འཁོར་ཚོགས་མ།།

ཇ་ཆང་མཚར་གླུ་ལེན་པའི་མཁའ་འགྲོ་མ།།

ཆ་རྫོགས་བསམ་པ་དཀར་བའི་ཟླ་གཞོན་མ།།

ཅ་ཀ་བསྒྲུགས་ཚད་སྟེར་བའི་ཕངས་མེད་མ།།

ང་ཡི་ཡོད་ཚད་ཡིན་པའི་དྲིན་ཆེན་མ།།

ག་པར་ཕྱིན་ཀྱང་བརྗེད་མེད་ཁོ་ཐག་མ།།

ཁ་བཤད་དོན་ལ་གནས་པའི་དཔའ་མོ་མ།།

ཀ་མད་སུམ་ཅུ་ནང་གི་པ་སྡེའི་མ།།