logo
查看本期全部内容

༄༅། །གལ་ཏེ། བདག་སྙན་ངག་པ་ཞིག་ཡིན་ན།

རིག་པའི་ཟླ་གཞོན།

林芝报-藏文版&nbsp&nbsp2025-11-21

སྙན་ངག་ནི་སེམས་ཚོར་ཞིག་ཡིན་ལ།

སྙན་ངག་ནི་སེམས་ཀྱི་མཛེས་པ་ཞིག་ཀྱང་ཅི་ལ་མིན།

གལ་ཏེ། བདག་སྙན་ངག་པ་ཞིག་ཡིན་ན།

འཇིག་རྟེན་གྱི་མཛེས་པ་ཡོད་ཚད་ལ།

སྙན་ངག་གིས་དགའ་སྡུག་རི་མོ་བྲིས་ནས།

ཁྱེད་ལ། ཁོར་ཡུག་གི་མཛེས་པ་ཞིག་བསྐྲུན་འདོད།

སྙན་ངག་ནི་ལོ་རྒྱུས་རིང་མོའི་གཏམ་རྒྱུད་ཅིག་ཡིན་ལ།

སྙན་ངག་ནི་སྒེའུ་ཁུང་ཡང་རེད།

གལ་ཏེ། བདག་སྙན་ངག་པ་ཞིག་ཡིན་ན།

འདས་ཟིན་པའི་ལོ་རྒྱུས་རིང་མོའི་ནང་།

སྙན་ངག་གི་བྱས་རྗེས་དེ་བྲིས་ནས།

ཁྱེད་ལ། ལོ་རྒྱུས་ཀྱི་དད་དཔོན་ཡང་བརྗོད་ཆོག།

སྙན་ངག་ནི་བརྩེ་དུང་ལྡན་པ་ཞིག་ཡིན་ལ།

སྙན་ངག་ནི་རིན་ཐང་ཅན་ཞིག་ཀྱང་རེད།

གལ་ཏེ། བདག་སྙན་ངག་པ་ཞིག་ཡིན་ན།

མི་ཡུལ་གྱི་བརྩེ་དུང་ཟབ་མོ།

སྙན་ངག་གི་རིན་ཐང་དེ་ལ་བརྒྱུད་ནས།

ཁྱེད་ལ། བརྩེ་དུང་གི་རིན་ཐང་དེ་གླེང་འདོད།

སྙན་ངག་ལ་དགའ་བའི་མི་བུ་དག།

ང་རང་ནི་ངོ་མ། ཁྱེད་ལ་ཡིད་སྨོན་ཤོར་བ་ཡིན།

སྙན་ངག་ནི་ཁེར་རྐྱང་གི་གྲོགས་པོ་ཡིན་ལ།

སེམས་མཐུན་གྱི་སྙིང་གྲོགས་ཤིག་ཡིན།

སྐྱིད་སྡུག་སྙིང་གཏམ་ཤོད་རོགས་དང་།

སྡུག་དུས་ཁུར་བོ་འཁྱེར་རོགས་ཡིན།

查看本期全部内容