logo
查看本期全部内容

༄༅། །ཀོང་པོའི་ལོ་གསར་བསུ།

རྡོ་རྗེ་ཐར་ལམ།

林芝报-藏文版&nbsp&nbsp2025-11-21

ཀོང་ཡུལ་སྐྱིད་པའི་ས་ལ།།

བདེ་སྐྱིད་དཔལ་གྱི་ཕྱུག་ཡོད།།

དེ་རིང་ཉིན་མ་བཟང་པོར།།

བཀྲ་ཤིས་ལོ་གསར་ཤར་སོང་།།

རྒན་པ་ཚེ་ཐག་རིང་དགོས།།

གཞོན་པ་ལང་ཚོ་དར་དགོས།།

བྱིས་པ་བློ་རིག་བཀྲ་དགོས།།

ཅི་བསམ་འགྲུབ་པའི་བཀྲ་ཤིས།།

མི་ལ་ནད་མེད་བཀྲ་ཤིས།།

ཕྱུགས་ལ་གོད་མེད་བཀྲ་ཤིས།།

མི་ནོར་ཆོས་གསུམ་འཛོམས་པའི།།

དུས་ཀུན་བཀྲ་ཤིས་བདེ་ལེགས།།

མཛེས་སྡུག་ལྷ་ཡི་དགའ་ཚལ།།

ཀོང་ཡུལ་མཛེས་པའི་ལྗོངས་ལ།།

ལོ་གསར་བཀྲ་ཤིས་ཉི་མ།།

དགའ་སྐྱིད་ཕུན་ཚོགས་བཀྲ་ཤིས།།

འབྱོར་ཕྱུག་ཀླུ་རྒྱལ་བང་མཛོད།།

རིན་ཅན་ནོར་གྱིས་ཁེངས་སོང་།།

ཀོང་ཡུལ་སྐྱིད་པའི་ལུང་པར།།

དགའ་སྐྱིད་དཔལ་ལ་རོལ་སོང་།།

བཀྲ་ཤིས་ལོ་གསར་ཤར་བའི།།

དགའ་ཉེ་སྤུན་མཆེད་འཛོམས་སོང་།།

མཆོད་ཆང་བདུད་རྩི་རོལ་བཞིན།།

གླུ་གར་རྒྱ་མཚོའི་ཕྱུག་སོང་།།

སྐྱིད་པའི་ཀོང་པོའི་ལུང་པར།།

བཀྲ་ཤིས་ལོ་གསར་ཤར་བྱུང་།།

ལོ་གསར་བཀྲ་ཤིས་ཉི་མར།།

དགའ་སྐྱིད་དགོད་སྒྲའི་ཁྱབ་སོང་།།

བཀྲ་ཤིས་ཕུན་སུམ་ཚོགས་པའི།།

ས་གཞི་ཁྱབ་པའི་བཀྲ་ཤིས།།

བཀྲ་ཤིས་ཕུན་སུམ་ཚོགས་པའི།།

ནམ་མཁའ་གང་བའི་བཀྲ་ཤིས།།

查看本期全部内容