བོད་ལྗོངས་ཞིང་འབྲོག་སློབ་ཆེན་གྱིས་སྨན་གླིང་གྲོང་ཁྱེར་སློབ་འབྲིང་དང་མཉམ་དུ་རིག་གནས་མཛེས་རིག་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་བ།
林芝报-藏文版  2025-11-21
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་11པའི་ཚེས་14ཉིན། བོད་ལྗོངས་ཞིང་འབྲོག་སློབ་ཆེན་སྐད་ཡིག་རིག་གནས་དང་བླངས་ཞབས་ཞུ་རུ་ཁག་གིས་སྨན་གླིང་གྲོང་ཁྱེར་སློབ་འབྲིང་དུ་བསྐྱོད་དེ་ཀྲུང་ཧྭའི་བརྩེ་སེམས་ཟབ་ཏུ་གཏོང་།ཁྱིམ་ཚང་གཅིག་ལྟར་བརྩེ་ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་སྐད་ཡིག་རིག་གནས་དང་རོལ་དབྱངས་སྒྱུ་རྩལ་མཉམ་འདྲེས་སྤེལ་རེས་བྱས་པ་བརྒྱུད། གསོན་ཉམས་དོད་པའི་རིག་གནས་མཛེས་རིག་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ཞབས་ཞུ་རུ་ཁག་གི་ཁོངས་མིས་ཚང་མར་ཀྲུང་གོའི་སྲོལ་རྒྱུན་རོལ་ཆའི་ལོ་རྒྱུས་དང་རིག་གནས་ཀྱི་ནང་དོན་འགྲེལ་བཤད་བརྒྱབ་ནས་སློབ་གྲོགས་ཚོས་མཉམ་དུ་ཀྲུང་གོའི་སྲོལ་རྒྱུན་རོལ་དབྱངས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་འཚོལ་ཞིབ་བྱ་རྒྱུར་ཁྲིད་སྟོན་བྱས་པ་རེད། རུ་མི་ཚོས་ས་གནས་ས་ཐོག་ཏུ་གནའ་བོའི་རོལ་དབྱངས་གྲགས་ཅན་དཀྲོལ་གཏོང་བྱས་པ་དང་འབྲེལ་རོལ་ཆའི་གྲུབ་ཚུལ་གྱི་རྩ་བའི་རིགས་པ་དང་།སྒྲ་འབྱིན་ལམ་སྲོལ།དེ་བཞིན་གྲགས་ཅན་གྱི་རོལ་དབྱངས་ལེ་ཚན་བཅས་ཀྱི་རྒྱབ་ཏུ་གནས་པའི་གཏམ་རྒྱུད་དཀྲོལ་གཏོང་བྱས་པས་སློབ་མ་ཚོའི་དགའ་སྣང་ཆེན་པོ་འཕེལ་ཡོད། གཞན་ཡང་བྱེད་སྒོའི་ནང་ད་དུང“སྒྲ་ཉན་དབྱེ་འབྱེད་ཡོ་ཆས”ཀྱི་མཉམ་འགུལ་རོལ་རྩེད་ཆུང་གྲས་དང་རོལ་ཆ་ཉམས་ལེན་སོགས་ཀྱི་ལྷུ་ཚིགས་བཀོད་སྒྲིག་བྱས་ཡོད་པ་རེད།