logo
查看本期全部内容
བྲག་ཡིབ་ཆུད་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱིས་སྨན་ཁང་ལས་རིགས་ཀྱི“སྨན་གསུམ”མཉམ་འགུལ་གྱི་ཆེད་དོན་ཞིབ་བཤེར་བྱས་པ།
林芝报-藏文版&nbsp&nbsp2025-11-21
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། བྲག་ཡིབ་ཆུད་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱིས་ཆུད་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་མི་སྤྱི་ཅུད་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་རིགས་ཁག་སྨན་བཅོས་ཁང་གི་སྨན་དང་སྨན་བཅོས་དང་ཚན་ཁག་བརྒལ་ནས་སྨན་བཅོས་འགན་བཅོལ་རྩིས་ཞུ་བྱེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཆེད་དོན་ཞིབ་བཤེར་བྱས་ཏེ་སྨན་བཅོས་ཁང་ཁག་གི་ཚད་འགལ་ངང་སྨན་བེད་སྤྱོད་བྱེད་པ་དང་སྨན་བཅོས་བྱེད་པའི་ཟང་ཟིང་གི་རྣམ་པར་གཅིག་བསྡུད་བཅོས་སྒྲིག་བྱས་ཡོད་པ་རེད། ཐེངས་འདིའི་ཞིབ་བཤེར་དེ་ནང་དོན་ཁག་བདུན་ལ་དམིགས་ནས་སྤེལ་ཡོད་དེ་གཙོ་གནད་ལྟ་སྐུལ་ཚོད་འཛིན་བྱེད་པའི་སྨན་རྫས་དང་སྦིར་སྨན་སོགས་བེད་སྤྱོད་བྱེད་ལུགས་ཚད་ལྡན་དུ་བཏང་བ། སྨན་ཐོ་དང་སྨན་ཆུའི་དོ་དམ་ཞིབ་བཤེར་བྱས་པ། སྨན་རྫས་ཉོ་འཚོང་ཐབས་ལམ་དང་གསོག་ཉར་ཆ་རྐྱེན་ལ་ཞིབ་བཤེར་བྱས་པ། སྨན་བཅོས་འགན་བཅོལ་ཐེབས་རྩ་སྒྲིག་འགལ་ཞིབ་བཤེར་ལ་ཐག་གཅོད་བྱས་པ། ལས་གཉེར་བྱ་སྤྱོད་ཚད་ལྡན་དུ་བཏང་བ། སྨན་རྫས་གཉེར་སྐྱོང་དྲིལ་བསྒྲགས་ཀྱི་ཟང་ཟིང་བཅོས་སྐྱོང་བཅས་བྱས་ཡོད་པ་རེད། ཞིབ་བཤེར་བྱེད་རིང་།ཁྲིམས་འཛིན་མི་སྣས་སྨན་བཅོས་ཁང་33ལ་ཁྱབ་པའི་མི་ཐེངས་20བཏང་བ་དང་།གནད་དོན་ཁག་37ཤེས་རྟོགས་བྱུང་བ་དང་།ཁག་19ས་གནས་ས་ཐོག་ཏུ་བཅོས་སྒྲིག་བྱས་པ། ཁག་15དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་པའི་བརྡ་ཐོ་བཏང་ཡོད་ལ་སྨན་ཁང་གི་འགན་འཁུར་བར་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་གསལ་འགྲེལ་བྱས་པ་དང་།གཉེར་སྐྱོང་མཁན་གྱིས་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ཡོད།
查看本期全部内容