logo
查看本期全部内容
བྲག་ཡིབ་ཆུད་ཇོ་མོ་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་ཀོང་པོའི་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་ བྱེད་སྒོ་གཉེར་བ།
林芝报-藏文版&nbsp&nbsp2025-11-21
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བྲག་ཡིབ་ཆུད་ཇོ་མོ་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་ཀོང་པོའི་འཆར་སྣང་གི་ལོ་རྟགས་བཅུ་གཉིས་ཐང་ཆེན་དུ་ཀོང་པོའི་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་གཉེར་བ་དང་བོད་ལྗོངས་ཞིང་འབྲོག་སློབ་ཆེན་གྱི་དགེ་སློབ་དང་ཁོངས་གཏོགས་ཁུལ་གྱི་ལས་རིགས་ཁག་གི་འཐུས་མི་བྱེད་སྒོར་ཞུགས་ཡོད་པ་རེད། འགོ་ཚུགས་ཞབས་བྲོ《བཀྲ་ཤིས་ཞོལ་པ》ཞེས་པ་དེར་བོད་ཀྱི་ཟློས་གར་གྱི་རྩེར་སོན་གཞི་རྒྱུ་འདྲེས་ཡོད་པ་དང་།མཛེས་སྡུག་ལྡན་པའི་མི་རིགས་ཀྱི་རྒྱན་གོས་དང་སྟབས་བསྟུན་གྱི་ཞབས་བྲོའི་ཉམས་འགྱུར་སྡེབ་སྒྲིག་བྱས་ནས་གར་སྟེགས་ཐོག་ཐོན་མ་ཐག་ས་ཡུལ་དངོས་ཀྱི་རྣམ་པ་འཁྲུག་པོར་གྱུར་ཡོད་པ་རེད། ཟློས་གར་རྒྱུན་འཛིན་གྱི་ལེ་ཚན་གྱི་ནང་ཆེད་ལས་འཁྲབ་སྟོན་པ་ཚོས་བརྩེ་སེམས་ཆེན་པོས་གསུང་རབ་ཀྱི་དུམ་བུ་ཁག་འཁྲབ་སྟོན་བྱས་པ་དང་མཉམ་འགུལ་ལྷུ་ཚིགས་ཀྱིས་ཚང་མར་ཟློས་གར་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་ཐུབ་ཡོད་པ་རེད། བོད་ལྗོངས་ཞིང་འབྲོག་སློབ་ཆེན་གྱི་ལེ་ཚན་གཉིས་ཀྱིས་སློབ་གྲྭའི་ན་གཞོན་གྱི་གསོན་ཤུགས་དང་མི་རིགས་རིག་གནས་ཀྱི་ཁྱད་ཆོས་ཟུང་འབྲེལ་ལེགས་པོ་བྱས་པས་ངོ་མཚར་ཆེ་བའི་འཁྲབ་སྟོན་ལ་དགའ་བསུ་ཆེན་པོ་ཐོབ་ཡོད། ཤེས་བྱའི་དྲི་བ་དྲིས་ལན་གྱི་ལྷུ་ཚིགས་ནང་ཚང་མས་ཧུར་བརྩོན་ཆེན་པོས་ལན་བརྒྱབ་སྟེ་བག་ཕེབས་དང་སྤྲོ་སྣང་གི་ཁོར་ཡུག་ཁྲོད་ཏང་འཛུགས་སྐྱོང་གི་ཤེས་བྱ་དང་དམངས་སྲོལ་རིག་གནས་ཀྱི་རྒྱུན་ཤེས་ཁོང་དུ་ཆུད་ནས་བྱེད་སྒོའི་ཤེས་བྱའི་རང་བཞིན་དང་སྤྲོ་སྣང་གི་རང་བཞིན་སྔར་བས་ཆེ་རུ་ཕྱིན་ཡོད། ད་ཐེངས་ཀྱི་བྱེད་སྒོ་ནི་ཇོ་མོ་ཁྲོམ་གཞུང་གིས་སློབ་གྲྭ་དང་ས་གནས་ཀྱི་མཉམ་སྡོད་མཉམ་སྐྲུན་གཏིང་ཟབ་ཏུ་གཏོང་བ་དང་རིག་གནས་ལ་བརྟེན་ནས་གཞི་རིམ་འཛུགས་སྐྲུན་ལ་ནུས་པ་འདོན་སྤྲོད་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད། གོམ་སྟབས་རྗེས་མར་ཇོ་མོ་ཁྲོམ་གཞུང་གིས་སློབ་གྲྭ་དང་ས་གནས་ཀྱི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས“རིག་གནས་སྡེ་ཁུལ་དུ་བསྐྱོད་པའི”བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་ཏེ་ཏང་འཛུགས་སྐྱོང་དང་རིག་གནས་འཛུགས་སྐྱོང་།དམངས་འཚོ་ཞབས་ཞུ་བཅས་མཉམ་འདྲེས་ཐུབ་པ་བྱ་རྒྱུ་ཡིན་པ་རེད།
查看本期全部内容