logo
查看本期全部内容

ཉིང་ཁྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ གཏིང་ཟབ་བྱས་པ།

林芝报-藏文版&nbsp&nbsp2025-11-21

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་13ཉིན། གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་ཆེད་དོན་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་སོགས་འཚོགས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ་རེད།

གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའི་ཧྲུའུ་ཅི།ཡོན་ཀྲང་ཁྲང་ཧྲེ་ཧུང་ཚོགས་འདུར་ཕེབས་ཡོད་པ་རེད།

ཚོགས་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱིས་སློབ་སྦྱོང་གཏིང་ཟབ་དང་།གོ་བ་གཏིང་ཟབ་ལེན་པ།སྙིང་བཅུད་ཁོང་དུ་ཆུད་པ་བཅས་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་།སྟོབས་ཤུགས་གཅིག་སྒྲིལ་གྱིས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དང་ཁྲིམས་སྐྱོང་གི་འགན་འཁྲི་འཁུར་བ་དང་ཆུ་ཚད་མཐོ་བའི་བདེ་འཇགས་འགན་ལེན་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ།དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ།སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་བཅས་ལ་དམིགས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྲིམས་ཁང་དུ་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་པའི་འགན་ལེན་བྱེད་དགོས་ཞེས་སྟོན་ཡོད།

ཚོགས་ཞུགས་མི་སྣས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་དུས་རབས་གསར་པའི་མི་དམངས་ཁྲིམས་ཁང་གི་ལས་དོན་ལ་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད་པས། སླད་ཕྱིན་གྱི་ལས་དོན་ཁྲོད་སྦྱངས་པ་གོ་ཆོད་དང་ཤེས་སྤྱོད་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་འདྲི་གཅོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་གཏུག་བཤེར་ཞབས་ཞུ་ལེགས་སུ་གཏོང་བ་སོགས་ཀྱི་གཙོ་གནད་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཏན་ཏན་ཏིག་ཏིག་གི་ལས་ཀའི་གྲུབ་འབྲས་ཐོག་ནས་སློབ་སྦྱོང་གི་ཕན་འབྲས་ལ་ཞིབ་བཤེར་བྱ་རྒྱུའི་རྣམ་འགྱུར་སྟོན་ཡོད།

查看本期全部内容