ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་ཏང་ཙུས་2025ལོའི་
ཚོགས་འདུ་ཐེངས་13པ་འཚོགས་པ།

林芝报-藏文版  2025-11-21

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་18ཉིན། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་ཏང་ཙུས་2025ལོའི་ཚོགས་འདུ་ཐེངས་13པ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་སྐབས་དང་།ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ། དེ་བཞིན་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གི་གཙོ་དོན་གསུང་བཤད་སོགས་གསུང་བཤད་གལ་ཆེན་དང་།མཛུབ་སྟོན་གལ་ཆེན།རྟེན་འབྲེལ་འཕྲིན་ཡིག་གལ་ཆེན། དེ་བཞིན་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་འབྲེལ་ཡོད་དོན་དག་ལ་ཞིབ་འཇུག་བྱས་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།གྲོང་ཁྱེར་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི།ཧྲི་ཀྲང་དཔའ་དར་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། གྲོང་ཨུད་ཀྱི་རྒྱུན་ཨུ།རྒྱུན་ལས་ཧྲི་ཀྲང་གཞོན་པ་ལི་ཧྲི་ཅང་དང་།གྲོང་ཨུད་ཀྱི་རྒྱུན་ཨུ།ཧྲི་ཀྲང་གཞོན་པ་གཡུ་སྒྲོན། ཧྲི་ཀྲང་གཞོན་པ་ལིའུ་ཁྲུན་ཞང་དང་སྒྲོལ་དཀར། གྲོང་ཁྱེར་སྲིད་གཞུང་ཏང་ཙུའི་ཁོངས་མི།དྲུང་ཆེ་དབྱང་ཁུན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་ལས་ཀའི་འཆར་འགོད་ཀྱི་བསམ་ཕྱོགས་དང་།འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས།སྤྱོད་ཚུལ་ལེགས་སུ་གཏོང་བའི་རང་རྟོགས་བཅས་སུ་བསྒྱུར་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་ཉིང་ཁྲིར་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་པའི་འགན་ལེན་བྱེད་དགོས། བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བའི་ཐད་གྲུབ་འབྲས་གསར་པ་མངོན་པ་དང་།རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དང་སྣོད་བཅུད་སྲུང་སྐྱོང་དང་།ཕྱི་ཕྱོགས་སྒོ་དབྱེ་དང་དམངས་འཚོ་ལེགས་སུ་གཏོང་བ།དུས་ཐུང་གི་ཕན་འབྲས་དང་ཡུན་རིང་གི་འཕེལ་རྒྱས་བཅས་ཀྱི་འབྲེལ་བ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ།སྣོད་བཅུད་ཡུལ་སྐོར་དང་།ཁྱད་ལྡན་ཞིང་འབྲོག་སོགས་དགེ་མཚན་ལྡན་པའི་ཐོན་ལས་རྒྱ་སྐྱེད་བཏང་སྟེ།ཁྱད་ལྡན་ཐོན་ལས་དེ་མང་ཚོགས་ཕྱུག་པོར་འགྱུར་བའི“འཕར་སྣེར”འགྱུར་དུ་འཇུག་དགོས། དམངས་གཙོའི་ལྟ་སྐུལ་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་གསར་པ་ཐོབ་པ་དང་།ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ཏེ།སྲིད་གཞུང་དང་ཁེ་ལས་དབར་འབྲེལ་གཏུག་བྱེད་པའི་སྟེགས་བུ་མུ་མཐུད་འཐུས་ཚང་དུ་བཏང་སྟེ།དཔལ་འབྱོར་སླར་གསོ་ལེགས་སུ་འགྲོ་བའི་འཕེལ་ཕྱོགས་ཐུན་མོང་ཐོག་སྲ་བརྟན་དུ་གཏོང་དགོས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཚད་བརྒལ་གསར་པ་ཡོང་བ་བྱས་ཏེ།འབྱུང་འཕྲོད་མཁོ་སྤྲོད་འབྲེལ་ཐག་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་།ནུས་ཁུངས་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ།གྲོང་ཁྱེར་ཁོངས་ཀྱི་བར་སྟོང་བཀོད་སྒྲིག་ལེགས་སུ་གཏོང་བ་བཅས་བྱས་ཏེ་གྲོང་གསེབ་འཕེལ་རྒྱས་དང་།གྲོང་གསེབ་འཛུགས་སྐྲུན།གྲོང་གསེབ་བཅོས་སྐྱོང་བཅས་ཀྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ས་མཐོའི་མཛེས་མཐུན་གྲོང་གསེབ་མགྱོགས་མྱུར་འཛུགས་སྐྲུན་བྱེད་དགོས།

ཚོགས་འདུའི་ཐོག་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཉེ་དུས་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་སྣེ་ཁྲིད་ནས་སློབ་སྦྱོང་དང་སྣེ་ཁྲིད་ནས་དོན་འཁྱོལ་བྱས་ཏེ་ལས་འགན་དབྱེ་འབྱེད་དང་།ལྟ་སྐུལ་ཞིབ་བཤེར།དཔྱད་ཞིབ་བཅས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ།སློབ་སྦྱོང་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་འཕྲལ་དུ་སྒྲུབ་པ་དང་དམ་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དར་སྤེལ་གཏོང་བ།སྡེ་ཁག་མཐུན་སྦྱོར་དང་གོང་འོག་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་མགྱོགས་མྱུར་དོན་འཁྱོལ་དང་དོན་འཁྱོལ་ཡག་པོ་ཡོང་བར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།